བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་འཁོར70ལོན་པར་རིགས་སོ་སོ་དང་ལས་རིགས་སོ་སོས་སྔོན་གཤེགས་གསར་བརྗེའི་དཔའ་བོར་མེ་ཏོག་ཕུལ།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན་ནི་བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་འཁོར70ལོན་པའི་ཉིན་མོ་ཡིན། སྔ་དྲོའི་ཆུ་ཚོད10བའི་སྟེང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་པོ་ཏ་ལའི་ཐང་ཆེན་གྱི་བོད་ལྗོངས་ཞི་བའི་བཅིངས་འགྲོལ་རྗེས་དྲན་རྡོ་རིང་མདུན་དུ། བོད་ལྗོངས་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་མང་ཚོགས་སྟོང་ལྷག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་གི་ཚོམ་བུ་ཕུལ།

བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་ནི་པོ་ཏ་ལའི་ཐང་ཆེན་གྱི་མཁའ་དབྱིངས་སུ་ལྷབ་ལྷུབ་ངང་བསྐྱོད་བཞིན་ཡོད་ལ། རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་རྣམས་ཀྱིས་ཐོག་མར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་ལེན་བྱས། དེའི་རྗེས་སུ་ཚང་མས་ངག་བསྡམས་ནས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་གནང་མཁན་གྱིས་སྔོན་གཤེགས་གསར་བརྗེའི་དཔའ་བོར་མྱ་ངན་ཞུས།

དེར་མཐུད་དེ་ན་ཆུང་གདོང་ལེན་རུ་མིས《ང་ཚོ་ནི་གུང་ཁྲན་རིང་ལུགས་པའི་རྒྱུད་འཛིན་པ་ཡིན》ཞེས་པའི་གླུ་དབྱངས་བླངས། 《མེ་ཏོག་འབུལ་བའི་རོལ་དབྱངས》ཀྱི་གདངས་དབྱངས་དང་འགྲོགས་ནས་གུས་དམག་གིས་བློ་སྤོབས་ཆེན་པོའི་གོམ་སྟབས་ཀྱིས་མེ་ཏོག་གི་ཚོམ་བུ་དེ་བོད་ལྗོངས་ཞི་བའི་བཅིངས་འགྲོལ་རྗེས་དྲན་རྡོ་རིང་མདུན་དུ་སྐྱེལ་ལ། ཚང་མས་གཟབ་ནན་གུས་བཀུར་གྱི་སྒོ་ནས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་རྗེས་དྲན་རྡོ་རིང་ལ་བལྟས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།