བོད་ལྗོངས་ཇུས་འདོན་ཚོགས་པའི་རྒྱལ་སྤྱིའི་གླེང་སྟེགས་སྐབས་ལྔ་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བོད་ལྗོངས་ཇུས་འདོན་ཚོགས་པ་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་སུའོ་ཡིས་གཙོ་གཉེར་བྱས་པའི་བོད་ལྗོངས་ཇུས་འདོན་ཚོགས་པའི་རྒྱལ་སྤྱིའི་གླེང་སྟེགས་སྐབས་ལྔ་པ་པེ་ཅིང་དུ་འཚོགས་པ་རེད། འདི་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཡིན་པས། སྐབས་འདིའི་གླེང་སྟེགས་ཀྱིས“ཞི་བདེ་དང་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་ཕྱིའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱིས་ལོ་ངོ70ཡི་རིང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་དང་དེ་བཞིན་དུས་རབས་གསར་པའི་རྒྱབ་ལྗོངས་འོག་ཧི་མ་ལ་ཡའི་ས་ཁོངས་ཀྱི་མི་རིགས་དང་། ལོ་རྒྱུས། སྐྱེ་ཁམས། སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་དམིགས་ཏེ་བགྲོ་གླེང་གཏིང་ཟབ་བྱས་ནས་མཉམ་ལས་གཉིས་ཁེར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ལིང་ཀུའེ་ཡིས་ཤིས་ཚིག་གསུང་སྐབས། འདི་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་དབུལ་པོ་དབུལ་རྐྱང་ལོ་རྒྱུས་རང་བཞིན་ངང་རྦད་དེ་མཇུག་འགྲིལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཏེ་ལོ་རྒྱུས་འཕེལ་རྒྱས་ཀྱི་གནས་ཚད་གསར་པར་སླེབས་ཡོད། དེ་དང་ཆབས་ཅིག་ཞི་བདེ་དང་འཕེལ་རྒྱས་ནི་མིའི་རིགས་ཀྱི་ཐུན་མོང་གི་རེ་སྒུག་བྱ་གཞི་ཞིག་ཀྱང་ཡིན་པས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐུན་མོང་འགྲན་སློང་མདུན་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་སྤེལ་རེས་རྒྱ་ཁྱབ་དང་མཉམ་ལས་དམ་ཟབ་བྱས་ཏེ་ཁ་གཏད་ཀྱི་ཐབས་ཇུས་དང་ཐག་གཅོད་བྱེད་ཐབས་ཐུན་མོང་ཐོག་འཚོལ་དགོས་ཞེས་བརྗོད་པ་རེད།

དེ་དང་ཆབས་ཅིག ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ད་དུང“བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་རླབས་ཆེན་གྲུབ་འབྲས”དང་། “ཧི་མ་ལ་ཡའི་ས་ཁོངས་མཐུན་སྦྱོར་དང་རིག་གནས་རྒྱུན་འཛིན” “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང” “བོད་ཀྱི་ལོ་རྒྱུས་དང་སྐད་ཡིག”སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།