བོད་ལྗོངས་ཀྱིས་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གཞི་གྲངས་གཙོ་བོའི་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས།

W020210519830819034317.jpg

པར་འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པ་ལས་བོད་ལྗོངས་ཀྱི་གཞི་གྲངས་གཙོ་བོའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ལྗོངས་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་བསོད་ནམས་བཀྲ་ཤིས་ཀྱིས་ཁྱབ་བསྒྲགས་གནང་བ་རེད། ཡོངས་བཤེར་མཇུག་འབྲས་གསར་ཤོས་ལྟར་ན། རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་དྲུག་པ་བྱས་པའི་ཚུན་གྱི་ལོ10རིང་།བོད་ལྗོངས་ཀྱི་མི་འབོར་འཕེལ་རྒྱས་ཐད་གཤམ་གསལ་གྱི་ཁྱད་ཆོས་དང་འགྱུར་ལྡོག་གཙོ་བོ་མངོན་པ་སྟེ། མི་འབོར་བསྡོམས་གྲངས་རྒྱུན་མཐུད་དང་བརྟན་བརླིང་ངང་འཕར་བ་དང་། མི་འབོར་བྱང་ཚད་བརྟན་བརླིང་ངང་མཐོར་འདེགས། མི་འབོར་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་བཅས་རེད།

W020210519830819073443.jpg

པར་འདི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་བྱིས་པ་རེད།

མི་འབོར་བསྡོམས་གྲངས་ཀྱི་ཐོག་ནས་བལྟས་ན། 2020ལོའི་ཟླ11པའི་ཚེས1ཉིན་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་བསྡོམས་གྲངས་ཁྲི364.81ཟིན་ནས21.52%འཕར་ཡོད། 2000ལོ་ནས2010ལོའི་བར་གྱི་ལོ་བཅུའི་རིང་ལྗོངས་ཡོངས་ཀྱི་མི་འབོར་ཁྲི38.58འཕར་བ་རེད། དེ་གཉིས་བསྡུར་ན་མི་འབོར་འཕར་ཚད་ཁྲི26.01ཇེ་མང་དུ་ཕྱིན་པ་དེས་བོད་ལྗོངས་ཀྱི་མི་འབོར་བསྡོམས་གྲངས་རྒྱུན་མཐུད་ངང་འཕར་བ་མཚོན་ཡོད།

མི་འབོར་གྱི་བྱང་ཚད་ཐོག་ནས་བལྟས་ན། ལྗོངས་ཡོངས་ཀྱི་སློབ་གསོ་མྱོང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་མི་འབོར་གྱི་བྱང་ཚད་མཐོ་རུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་མི་འབོར་ཁྲི10རེའི་ནང་སློབ་ཆེན(ཆེད་ཚན་སློབ་གྲྭ་ཆེན་མོ་དང་དེའི་ཡན)གྱི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས2010ལོའི་ཁྲི0.55ནས་ཁྲི1.10བར་འཕར་བ་དང་ལྡབ1གིས་འཕར་སྣོན་བྱུང་ཡོད། མཐོ་རིམ་སློབ་འབྲིང(འབྲིང་རིམ་སློབ་འབྲིང་ཚུད་པ)གི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས་ཁྲི0.44ནས་ཁྲི0.71བར་འཕར་ནས61.57%འཕར་ཡོད་ལ་དེས་བོད་ལྗོངས་ཀྱི་མི་འབོར་གྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་མཚོན་ཡོད།

W020210519830819092279.jpg

པར་འདི་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མས་སློབ་གྲྭའི་རིག་གནས་དུས་ཆེན་སྟེང་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད། 

མི་འབོར་གྱི་གྲུབ་ཆའི་ཐད་ནས་བལྟས་ན། ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་བོད་རིགས་སྐྱེས་པའི་མི་འབོར་གྱི50.07%ཟིན་པ་དང་། སྐྱེས་མའི49.93%ཟིན་ནས་ཕོ་མོའི་བསྡུར་ཚད100.29ཟིན་པ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས31དང་བསྡུར་ན། བོད་རིགས་མི་འབོར་གྱི་ཕོ་མོའི་གྲུབ་ཆ་ཧ་ཅང་ལུགས་མཐུན་རེད། ལོ་ནའི་གྲུབ་ཆ་ནས་བལྟས་ན། ལོ་ཆུང་བྱིས་པའི་མི་འབོར་གྱི་གྲངས་ཀ་ཇེ་མང་དུ་ཕྱིན་པ་དང་བསྡུར་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ལོ0ནས14བར་གྱི་མི་འབོར་ཁྲི89.49ཟིན་པ་དེ2010ལོ་ལས་མི་ཁྲི16.32འཕར་ནས22.30%འཕར་བ་དེས་བོད་ལྗོངས་མི་འབོར་གྱི་མི་མངོན་པའི་སྟོབས་ཤུགས་དང་རྗེས་ཐོན་ལེགས་ཆ་མངོན་གསལ་དོད་པོ་གསལ་བཤད་ཐུབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།