བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་གིས“རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོ”ཐོག་མ་བསུས།

1.jpg

དངོས་མང་བཤམས་སྟོན་ཁང་ནང་གི་ལྟད་མོ་བ་རྣམས།

2.jpg

བོད་ཀྱི་ཡིག་གཟུགས་འགྲེམས་སྟོན།

3.jpg

ཡིག་གཟུགས་ལ་ལྟ་བཞིན་པའི་སློབ་ཆུང་སློབ་མ་ཚོ།

4.jpg

དངོས་མང་བཤམས་སྟོན་ཁང་ནང་གི་རྫ་ཆས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་གིས་སྒོ་འབྱེད་རྗེས་ཀྱི“རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོ”ཐོག་མ་བསུས་པ་དང་། ཉིན་དེར་དངོས་མང་བཤམས་སྟོན་ཁང་གི་གཞི་རྩའི་འགྲེམས་སྟོན་དང་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་གྱིས་ལྟད་མོ་བ་མང་པོའི་ཡིད་སེམས་བཀུགས།

ཉིན་དེའི་ཕྱི་དྲོར་ལྷོ་ཁ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་གི“ཡར་ཀླུང་རིག་གནས་དངོས་མང་སྟོན་ཚོགས་ཀྱི་གླེང་སྟེགས”གཏམ་བཤད་སྤེལ་མགོ་བརྩམས་ཏེ། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣའམ་སུའོ་ཀྲང་གཞོན་པ་ཞབས་དཀར་དབང་འདུས་ཀྱིས་དུས་རབས་ཕྱེད་ཀ་ནས་བཟུང་བོད་ལྗོངས་མཐོ་སྒང་ནས་རྙེད་པའི་གནའ་རྫས་རྟོག་ཞིབ་རྒྱུ་ཆ་གལ་ཆེན་རྨང་གཞིར་བཟུང་ནས་བོད་ལྗོངས་མཐོ་སྒང་གི་ཡི་གེ་མ་བྱུང་སྔོན་གྱི་མི་ཚོགས་དང་། ཐོན་སྐྱེད་རྣམ་པ། འདུས་ཆགས་རིག་གནས། དུར་འཇུག་གོམས་སྲོལ། ཡོ་བྱད་དང་དེའི་སྡེབ་སྒྲིག གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་འཕེལ་རྒྱས་གོ་རིམ་སོགས་ཀྱི་སྒོ་ནས་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་སྔོན་གྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་རྣམ་པ་དང་ཁྱད་ཆོས། རིམ་འགྱུར། དངོས་པོའི་རིག་གནས་ལོ་རྒྱུས་ཀྱི་སྤྱིའི་རྣམ་པ་ངོ་སྤྲོད་བྱས།

ལྷོ་ཁ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5700ཡོད་པ་དང་བཤམས་སྟོན་ཁང་དུ་རིག་དངོས4000ལྷག་ཡོད། དེའི་ཁྲོད་ས་འོག་ནས་ཐོན་པའི་གནའ་རྫས་གསེར་ཆས་དངུལ་ཆས་དང་། རྫ་ཆས། རྡོ་ཆས། དཔེ་རྙིང་དང་ཡིག་ཚགས། སྲོལ་རྒྱུན་བརྙན་བཟོའི་སྒྱུ་རྩལ། དམངས་སྲོལ་མཁོ་ཆས། བང་སོ་དུར་མཆོད་དང་དུར་མཆོད་དངོས་རྫས་སོགས་ཀྱིས་བོད་ལྗོངས་ཀྱི་གནའ་ནས་ད་ལྟའི་བར་གྱི་མི་རིགས་སོ་སོ་འབྲེལ་འདྲིས་བྱས་པའི་ལོ་རྒྱུས་མངོན་པར་མཚོན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།