བོད་ལྗོངས་མེ་ཏོག་རྫོང་གིས་ཇ་ལོ་འདེབས་འཛུགས་ལ་བརྟེན་ནས་རོང་འབྲོག་མང་ཚོགས་ཕྱུག་འགྱུར་བྱུང་།

W020210519335119090894.jpg

པར་འདི་ནི་ཟླ5པའི་ཚེས18ཉིན་བོད་ལྗོངས་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་མོན་པ་རིགས་ཀྱི་མང་ཚོགས་ཀྱིས་ཇ་ལོ་འཐོག་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན། བོད་ལྗོངས་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་དབུལ་སྐྱོར་ཆེད་བསྐོས་པ་ཧུའུ་ཞིན་ཆིས་གསར་འགོད་པར་ཤང་དེས2014ལོ་ནས་བཟུང་ཇ་ལོ་འདེབས་མགོ་ཚུགས་པ་དང་། ད་ལྟ“མེ་ཏོག་རྫོང་གི་ཇ་དམར”གྱི་ཇ་ལོ་མཁོ་སྤྲོད་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། མང་ཚོགས་ཡོང་འབབ་འཕར་ཏེ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་ཐོན་ལས་གལ་ཆེན་ཏུའང་གྱུར་ཡོད་ཅེས་བཤད།

W020210519335119165550.jpg

པར་འདི་ནི་འབྲས་སྤུངས་ཤང་འབྲས་སྤུངས་གྲོང་ཚོའི་ཇ་ལོ་འདེབས་འཛུགས་ར་བ་རེད། 

མེ་ཏོག་རྫོང་ནི་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་ལྷོ་འདབས་སུ་གནས་ཤིང་། རྫོང་དེའི་གནམ་གཤིས་ཇ་ལོ་འདེབས་འཛུགས་བྱེད་པར་ཧ་ཅང་འཚམ་པ་ཡིན།

W020210519335119206351.jpg

པར་འདི་ནི་ཟླ5པའི་ཚེས18ཉིན་བླངས་པའི་བོད་ལྗོངས་མེ་ཏོག་རྫོང་གི་ཇ་ལོ་འདེབས་འཛུགས་ར་བའི་རྣམ་པ་རེད།

འབྲས་སྤུངས་ཤང་འབྲས་སྤུངས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་པད་མ་རྒྱ་མཚོས་གྲོང་ཚོ་དེའི་ཇ་ལོ་འདེབས་འཛུགས་ར་བའི་ས་ཁྱོན་ལ་མུའུ1268ཡོད་པ་དང་། 2018ལོ་ནས་བཟུང་ཇ་ལོ་འབོར་ཆེན་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། ཇ་ལོ་འདེབས་འཛུགས་ར་བ་ཡང་ཁྱིམ་ཚང་གི་མི་གྲངས་ལྟར་གྲོང་ཚོ་ཡོངས་ཀྱི་གྲོང་མིར་བགོས་པ་དང་ཆ་སྙོམས་དུད་ཚང་རེར་མུའུ8ནས9ཙམ་ཡོད། ཁོང་གིས་ཇ་ལོ་བཏོག་པའི་དུས་མཚམས་གལ་ཆེན་ནང་རྫོང་ཇ་ལས་བཟོ་གྲྭས་ཚང་མ་སྒྲིག་འཛུགས་བྱས་ནས་མཉམ་དུ་ཇ་ལོ་འཐོག་པ་ཡིན་ལ། དུས་རྒྱུན་གྲོང་མི་ཚོས་རང་ཉིད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་རང་དགར་བཏོག་ཆོག 2020ལོར་གྲོང་ཚོ་དེའི་ཇ་ལོ་འདེབས་འཛུགས་ར་བས་གྲོང་ཚོ་ཡོངས་ཀྱི་དུད་ཚང་རེར་ཡོང་འབབ་སྒོར5000ལྷག་འཕར་བ་མངོན་འགྱུར་བྱུང་ཡོད་ཅེས་བཤད།

W020210519335119241554.jpg

འདི་ནི་བོད་ལྗོངས་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་འགྲམ་གྱི་ཇ་ལོ་འདེབས་འཛུགས་ར་བའི་རྣམ་པ་རེད།

W020210519335119285271.jpg

འདི་ནི་ཟླ5པའི་ཚེས18ཉིན་མེ་ཏོག་རྫོང་མོན་པ་རིགས་ཀྱི་མང་ཚོགས་ཀྱིས་ཇ་ལོ་འཐོག་བཞིན་པའི་རྣམ་པ་རེད།

མེ་ཏོག་རྫོང་གི་གཞུང་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྫོང་ཡོངས་སུ་ཇ་ལོ་འདེབས་འཛུགས་ར་བ90ཡོད་པ་དང་རྒྱ་ཁྱོན་མུའུ་ཁྲི2.59ལ་སླེབས་ཡོད། 2021ལོའི་ལོ་མགོར་རྫོང་ཡོངས་སུ་སྔོན་དཔག་ལྟར་ན་བཏོག་ཆོག་པའི་རྒྱ་ཁྱོན་མུའུ8401.36ཟིན་རྒྱུ་རེད། 2015ལོར་སྐོར་དང་པོའི་ཇ་ལོ་བཏོགས་པ་ལེགས་འགྲུབ་བྱུང་བ་ནས་བཟུང་། མེ་ཏོག་རྫོང་གིས་རིམ་རྩིས་བྱས་ན་ཇ་ལོ་རྒྱ་མ་ཁྲི62.57བཏོགས་ནས་རོང་འབྲོག་པར་ཡོང་འབབ་སྒོར་ཁྲི1842.66འཕར་སྣོན་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།