དུས་ཚིགས་དང་པོར་བོད་ལྗོངས་ལྷ་སའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར215ལྷག་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར215.20ཟིན་ཏེ་དུས་མཚུངས་ལས17.5%འཕར་བ་དེ2019ལོའི་དུས་ཚིགས་དང་པོ་དང་བསྡུར་ན18.8%འཕར་བས་ལོ་གཉིས་རིང་ཆ་སྙོམས9.0%འཕར་ཡོད། གཙོ་གནད་དམིགས་ཚད་སླར་གསོའི་རང་བཞིན་གྱི་འཕར་ཚད་མགྱོགས་པའི་རྣམ་པ་མངོན་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་གྱི་སྤྱི་ཡོངས་འགོ་བརྟན་པོ་འཛུགས་ཐུབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།