ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར་བྱུང་།

1.jpg

རྟེན་གཞི་རུ་འོ་མ་བཞོ་བཞིན་པའི་བུད་མེད།

2.jpg

ལས་དོན་མི་སྣ་ཞིག་གིས་ངོ་སྐྱི་ལས་བཞིན་པའི་ཚུལ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཉང་གཡག་འབྲི་གཡག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་གནད་འཁེལ་དབུལ་སྐྱོར་ལས་གཞིས“ཀུང་སི+རྟེན་གཞི+མཉམ་ལས་ཁང+འབྲོག་ཁྱིམ”གྱི་གཉེར་སྐྱོང་བྱེད་སྟངས་བརྒྱུད་དེ་ནག་ཆུ་གྲོང་ཁྱེར་ཕྱུགས་ལས་འཕེལ་རྒྱས་ཀུང་སི་དང་ལྷ་རི་རྫོང་ཉང་གཡག་ཀུང་སིའི་སྟེགས་བུར་བརྟེན་ནས་ཕྱུགས་ལས་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་བཏང་། མིག་སྔའི་བར་དུ་རྟེན་གཞི་ཐོན་ལས་ཀྱིས་བསྡོམས་པས་རོང་འབྲོག་མང་ཚོགས་མཉམ་ལས་རྩ་འཛུགས་ཁྱིམ་ཚང49དང་འབྲོག་ཁྱིམ2138ལ་སྣེ་ཁྲིད་བྱས་པའི་ཁྲོད་དབུལ་ཕོངས་ཁྱིམ་ཚང807ཡོད་པ་དང་། མི150ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱས་པའི་ཁྲོད་ཚགས་འཛུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་དང་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་གི་མི27ཡོད། 

ལྷ་རི་རྫོང་འཇམ་དབྱངས་བོད་སྨན་འགན་འཁྲི་ཚད་ཡོད་ཀུང་སི་དེ2017ལོའི་ཟླ10བར་བཙུགས་པ་དང་། དམིགས་ཡུལ་གཙོ་བོ་ནི་སྔར་ལས་ལྷག་པའི་སྒོ་ནས་བོད་སྨན་དང་བོད་ཀྱི་གསོ་བ་རིག་པར་སྲུང་སྐྱོང་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་ལ། མིག་སྔར་ཀུང་སི་ཡིས་བོད་སྤོས་དང་བོད་སྨན། ཉམས་གསོ་ངོ་སྐྱི་སོགས་ཀྱི་ཐོན་རྫས་རིགས8ཐོན་སྐྱེད་དང་བཟོ་སྐྲུན་བྱེད་བཞིན་ཡོད་པ་དང་། ལོ་རེའི་ཡོང་འབབ་རྐྱང་བ་སྒོར་ཁྲི200ལྷག་ཡོད་པ་དེས་མི20ལྷག་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱས། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།