བོད་ལྗོངས་སྐྱིད་གྲོང་འགག་སྒོས་ས་ཁོངས་ཕྱིའི་རིམས་ནད་ནང་དུ་མཆེད་པར་སྔོན་འགོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ4པ་ནས་བཟུང་བལ་ཡུལ་གྱི་པྲོག་གསར་གློ་ཚད་རིམས་ནད་མུ་མཐུད་ཇེ་སྡུག་ཏུ་སོང་བས་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་རིམས་འགོག་ལས་དོན་ལ་གནོན་ཤུགས་ཆེན་པོ་བཟོས་ཡོད། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐྱིད་གྲོང་འགག་སྒོ་ནི་རང་རྒྱལ་གྱི་བལ་ཡུལ་ལ་ཁ་གཏད་པའི་འགག་སྒོ་གལ་ཆེ་ཤོས་དེ་རེད། འགག་སྒོ་དེ་ན་ནིང་ཟླ4པ་ནས་སྒོ་རྒྱག་མགོ་ཚུགས་པ་དང་ན་ནིང་ཟླ7པ་ནས་བཟུང་བལ་ཡུལ་ལ་དངོས་ཟོག་སྐྱེལ་འདྲེན་གྱི་བགྲོད་ལམ་སླར་གསོ་བྱས་ཏེ་དགོས་ངེས་ཀྱི་འཚོ་བ་དང་སྨན་བཅོས་དངོས་ཟོག་སྐྱེལ་འདྲེན་བྱས་པ་རེད། སྐྱིད་གྲོང་འགག་སྒོ་ཡིས་བལ་ཡུལ་ཕྱོགས་ལ་དངོས་ཟོག་སྐྱེལ་འདྲེན་མ་བྱས་གོང་རིམས་འགོག་མི་སྣས་ཉིན་རེའི་ཞོགས་པར་རླངས་འཁོར་ལ་དུག་སེལ་སོགས་བྱས་ཏེ་ས་ཁོངས་ཕྱིའི་རིམས་ནད་ནང་དུ་མཆེད་པར་སྔོན་འགོག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།