བོད་ལྗོངས་ཀྱི་ལུས་རྩལ་པ་གཉིས་ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཐོབ་པ།

W020210514521780057648.jpg

བསོད་ནམས་ཚེ་རིང་གིས་འགྲན་བསྡུར་བྱེད་བཞིན་པ།

W020210514521780087378.jpg

འགྲན་ཞུགས་པ་མགོ་རྩོམ་ས་ནས་ལམ་ལ་ཆས་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཅང་སུའུ་ཞིང་ཆེན་ཐའེ་ཚང་གྲོང་ཁྱེར་དུ་སྤེལ་བའི“ལྕགས་མིའི་བུམ་པ”ཡི2021ལོའི་རྒྱལ་ཡོངས་ཀྱི་འགྲོ་རྩལ་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་ཁྲོད་དུ། བོད་ལྗོངས་ཀྱི་བདམས་ཐོན་པ་བསོད་ནམས་ཚེ་རིང་གིས་ཆུ་ཚོད2དང་སྐར་མ39དང་སྐར་ཆ39ཡི་གྲུབ་འབྲས་བླངས་ནས་སྐྱེས་པའི་སྤྱི་ལེ30ཡི་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ་པ་དང་། རིན་ཆེན་སྒྲོལ་མས་སྐར་མ48དང་སྐར་ཆ23གྱི་གྲུབ་འབྲས་བླངས་ནས་བུད་མེད་ཀྱི་སྤྱི་ལེ10ཡི་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གསུམ་པ་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།