བོད་ལྗོངས་སྤོ་མེས་ཁྱད་ལྡན་ཐོན་ལས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་བར་སྐུལ་ཁྲིད་བྱས།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཆུ་མདོ་གྲོང་རྡལ་གྱིས་གྲོང་ཚོ་མཉམ་འབྲེལ་སྒོས2018ལོ་ནས་བཟུང་ཐོན་ལས་དཔེ་སྟོན་གླིང་ཁུལ་སྐྲུན་མགོ་ཚུགས་པ་དང2021ལོའི་ཟླ5པའི་བར་དུས་ཐེངས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ལས་གཞི་ཚང་མ་ལེགས་གྲུབ་བྱུང་ནས་རྒྱ་ཁྱོན་མུའུ500བཟུང་ཡོད་པ་དང་དྲོད་ཁང་ཆེན་མོ149སྐྲུན་ཡོད།

2.jpg

2020ལོར་གླིང་ཁུལ་གྱི་དུས་ཐེངས་དང་པོའི་ཀོ་ཤའི་སྐམ་ཟོག་ཐོན་ཚད་རྒྱ་མ4200ལྷག་ཟིན་པ་དང་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི210ལ་སླེབས་པ་དང་། གྲོང་རྡལ་དེའི་དཔའ་ཁང་གྲོང་ཚོ་དང་རྟ་ལུང་གྲོང་ཚོ་སོགས་གྲོང་ཚོ7ལ་ཁེ་སྤོགས་སྒོར་ཁྲི21ཐོབ་པ་དང་། ས་གནས་དེ་གའི་རོང་འབྲོག་མང་ཚོགས་མི་ཐེངས2100ལས་ཞུགས་ཐུབ་པ་དང་བསྡོམས་པས་ཡོང་འབབ་སྒོར་ཁྲི42ལྷག་འཕར་བར་སྣེ་ཁྲོད་བྱས། 2021ལོར་སྔོན་དཔག་བྱས་པ་ལྟར་ན་གླིང་ཁུལ་གྱི་དུས་ཐེངས་དང་པོ་དང་གཉིས་པས་གྲོང་རྡལ་ཡོངས་ཀྱི་གྲོང་ཚོ13ལ་ཁེ་སྤོགས་སྒོར་ཁྲི35སྐྲུན་ནས་ས་གནས་དེའི་རོང་འབྲོག་མང་ཚོགས་མི་ཐེངས3500ཡི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱ་རྒྱུ་རེད། །

3.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།