གཞིས་ཀ་རྩེས་ཆེད་ལས་མཉམ་ལས་ཁང་གཉེར་ནས་ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་བྱས།

22fc3d79-3533-4825-b4da-cbde592c3761.jpg

འདི་ནི་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱི་ཞིང་ལས་མཉམ་ལས་ཁང་གི་ལག་རྩལ་པས་མི་རིགས་ཀྱི་རྒྱན་གོས་འཚེམ་བཟོ་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་ཞིང་སྡེའི་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་དམ་པོ་དམིགས་ཏེ། རོང་འབྲོག་མང་ཚོགས་ཀྱིས་ཡུལ་བབ་དང་བསྟུན་ནས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་བར་ཧུར་ཐག་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཤིང་། ཁྱད་ལྡན་ཐོན་ཁུངས་རྒྱུན་ཆད་མེེད་པར་བེད་སྤྱོད་དང་མཉམ་ལས་ཀྱི་ནང་དོན་ཕུམ་སུམ་ཇེ་ཚོགས་སུ་གཏོང་བ། ཞབས་ཞུའི་ནུས་པ་སྔར་བས་ཇེ་ལེགས་སུ་གཏོང་བ་སོགས་ཆེད་ལས་མཉམ་ལས་ཁང་གི་ལེགས་ཆ་བརྒྱུད་དེ་རོང་འབྲོག་པའི་འབབ་འཕར་ལ་རོགས་རམ་བྱས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱ་སྐྱེད་དང་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྒོས་འབྲེལ་མཐུད་བྱེད་པར་འགན་ལེན་འདོན་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།