“མཁའ་དབྱིངས་བར་ཁྱམས”ཀྱིས་གངས་ལྗོངས་མཐོ་སྒང་གི་ས་གནས་སོ་སོའི་བར་ཐག་ཇེ་ཉེ་རུ་བཏང་།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ་སྟོང་ཕྲག་རིང་སྐམ་ལམ་གྱི་འགྲིམ་འགྲུལ་ནི་བོད་ལྗོངས་ནས་ནང་ལོགས་སུ་བསྐྱོད་པའི་འགྲིམ་འགྲུལ་གྱི་ཐབས་ལམ་འབའ་ཞིག་ཡིན་ལ།1965ལོའི་ཟླ3པའི་ཟླ་མགོར། པེ་ཅིང་ནས་ཁྲེང་ཏུའུ་དང་ལྷ་ས་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱུང་བར་བསྟུན་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཁའ་འགྲུལ་གྱི་ཕུགས་འདུན་མངོན་འགྱུར་བྱུང་།

2.jpg

འདི་ནི1956ལོའི་ཟླ6པའི་ཚེས8ཉིན་པེ་ཅིང་ནས་ལྷ་ས་བར་གྱི་མཁའ་ལམ་ཚོད་གཏོང་བྱས་པའི་རྣམ་པ་རེད།

ལོ50ལྷག་རིང་ཉིང་ཁྲི་ནས་མངའ་རིས་བར་དང་། ཆབ་མདོ་ནས་གཞིས་ཀ་རྩེ་བར་བཅས་ཀྱི་མཐོ་སྒང་གི་གནམ་གྲུ་ཐང5བསྐྲུན་པ་དེ་འཛམ་གླིང་གི“མཁའ་དབྱིངས་གསེར་ཟམ”དང་སྦྲེལ་མཐུད་བྱས་ཡོད་ཅིང་། སྔ་དྲོར་ཕོ་བྲང་པོ་ཏ་ལ་ནས་ཉི་མ་ཤར་བའི་མཛེས་ལྗོངས་ལ་ལྟ་བ་དང་། ཕྱི་དྲོར་ཁྲེང་ཏུའུ་རུ་རྒྱ་ཁོག་ཟ་བའི་རྣམ་པ་དེ་མངོན་འགྱུར་བྱུང་ཡོད།

དེང་སྐབས་མཁའ་འགྲུལ་ནི་བོད་ལྗོངས་ཀྱི་འགྲིམ་འགྲུལ་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཅིང་། དེ་མངའ་རིས་ས་ཁུལ་དུ་ལྷག་པར་མངོན་གསལ་དོད་པོ་ཡོད། མངའ་རིས་དགུན་ས་གནམ་གྲུ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པ་དེས་མངའ་རིས་ནས་ལྷ་ས་བར་གྱི་ཆུ་ཚོད20ལྷག་གི་རླངས་འཁོར་གྱི་ལམ་ཐག་ཡོད་པའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་དུ་བཅུག་སྟེ་གནམ་གྲུས་ཆུ་ཚོད2ཡི་འབྱོར་བ་མངོན་འགྱུར་བྱུང་ཡོད།

3.jpg

འདི་ནི2020ལོའི་ཟླ7པའི་ཚེས1ཉིན་མངའ་རིས་དགུན་ས་གནམ་གྲུ་ཐང་དུ་གནམ་གྲུ་ཤར་གཏོང་བྱས་ནས་ལོ་འཁོར10ལོན་པར་རྟེན་འབྲེལ་ཞུ་བའི་ཚུལ་རེད།

བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ཆ་སྙོམས་ས་བབ་སྨི3000ཟིན་ཞིང་ཡུལ་ལྗོངས་ལྷག་པར་མཛེས། ཉང་ཆུ་ཤང་ཤང་དུ་རྒྱུག་པ་དང་། ཨ་སྔོན་ནམ་མཁར་སྤྲིན་དཀར་ཚོམ་བུ་ལྡིང་། གངས་རི་འཁྱགས་རོམ་བཅས་ཀྱི་རྣམ་པ་དེས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཉིང་ཁྲི་སྨན་གླིང་གནམ་གྲུ་ཐང་ནི་བོད་རང་སྐྱོང་ལྗོངས་ཀྱི་གནམ་གྲུ་ཐང་ཆེ་གྲས་གཉིས་པ་དེ་ཡིན། མཁའ་འགྲུལ་ཀུང་སི5ཡིས་འཕུར་འགན་ཁུར་ནས་གྲོང་ཁྱེར8དུ་མཁའ་ལམ་ཤར་གཏོང་བྱས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི3200ལྷག་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར240ལས་བརྒལ་ཡོད།

4.jpg

འདི་ནི2019ལོའི་ཟླ3པའི་ཚེས20ཉིན་ཡུལ་སྐོར་བ་ཐད་འཕུར་གནམ་གྲུར་བསྡད་དེ་ལྷ་ས་གྲོང་ཁྱེར་གྱི་མཛེས་ལྗོངས་ལ་གཟིགས་སྐོར་བྱེད་པའི་ཚུལ་རེད།

2020ལོའི་ལོ་མཇུག་ཏུ། བོད་ལྗོངས་མཁའ་འགྲུལ་གྱིས་ས་གནས་ཀྱི་ཡུལ་མིར་དམིགས་ཏེ་ལྷ་ས་ནས་མངའ་རིས་དང་ཆབ་མདོའི་བར་གནམ་གྲུའི་སྤ་སེའི་རིན་གོང་ཕྱེད་ཀ་བཅག་པས་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད། 

གཞི་གྲངས་ལས་མངོན་གསལ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་ལམ་ཁག67གསར་དུ་ཤར་གཏོང་བྱས་ཤིང་གྲོང་ཁྱེར21ལ་ཤར་གཏོང་ཐུབ་པའི་མཁའ་ལམ་གསར་དུ་བསྣན་པ་དང་། ལོ5ཡི་རིང་གསར་དུ་བསྣན་པའི་མཁའ་ལམ་གྱི་གྲངས་འབོར་དེ་སྔའི་ལོ50ཡི་བསྡོམས་འབོར་ལས་བརྒལ་ཏེ། བསྡོམས་པས་ཡུལ་སྐོར་བ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི2480ལྷག་ཟིན་པ་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཉམ་ལས83%འཕར་སྣོན་བྱུང་ཡོད།

ཕྱིར་སྐྱོད་ཁོ་ན་མིན་པར། བོད་ལྗོངས་སུ་མཁའ་ལམ་སྔར་བས་མང་བོ་ཤར་གཏོང་ཐུབ་ནས་མཁའ་འགྲུལ་ཟོག་འདྲེན་གྱིས་བོད་ལྗོངས་ཀྱི་ལེགས་ཆའི་ཐོན་ཁུངས་གསར་འབྱེད་ལ་ནུས་ཆེའི་བོད་སྐྱོད་བགྲོད་ལམ་མཁོ་འདོན་བྱས་ཏེ། བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས“ཕྱིར་གཏོང”ལ་རམ་འདེགས་བྱས་ཡོད་ཅིང་། སྨན་རྫས་སྤྱོད་ཆས་དང་། སྔོ་ཚལ་དང་སིལ་ཏོག མཚོ་ཟས་སོགས་ཀྱི་དངོས་ཟོག་ནང་ལོགས་ནས་མགྱོགས་མྱུར་བོད་ལྗོངས་ཀྱི་ཁྲོམ་རར་དབོར་འདྲེན་བྱེད་ཀྱིན་ཡོད།

5.jpg

འདི་ནི2021ལོའི་ཟླ3པའི་ཚེས20ཉིན་ཉིང་ཁྲི་སྨན་གླིང་གནམ་གྲུ་ཐང་གི་འཕུར་སྐྱོད་ཁུལ་གྱི་ལས་གཞི་དངོས་སུ་སྤྱོད་མགོ་ཚུགས་པའི་རྣམ་པ་རེད།

ད་ལོའི་ཟླ4པར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་བོད་ལྗོངས་ལྷུན་རྩེ་དང་། དིང་རི། སྤུ་ཧྲེང་སོགས་གནམ་གྲུ་ཐང3གསར་སྐྲུན་བྱེད་པ་དང་། ལྷ་སའི་གནམ་གྲུ་ཐང་གི་རྒྱུག་ལམ་གཉིས་པ་རྒྱས་སྐྲུན་གྱི་ལས་གཞིའི་རྣམ་གྲངས(བསྡུས་མིང་ལ་བོད་ལྗོངས“3+1”གནམ་གྲུ་ཐང་གི་རྣམ་གྲངས)ལ་ཆོག་མཆན་བཀོད་པ་ཡིན་ལ། རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར136ལས་བརྒལ་བ་གཏོང་རྒྱུ་རེད། 

བོད་ལྗོངས“3+1”གནམ་གྲུ་ཐང་གི་རྣམ་གྲངས་ལག་བསྟར་བྱས་པ་དེས་བོད་ལྗོངས་ཀྱི་ས་ཁོངས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱིས་ཕྱི་ཕྱོགས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། ས་གནས་དེ་གའི་མི་དམངས་མང་ཚོགས་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་བ། འཕྲལ་བསྟུན་རོགས་སྐྱོར་འགན་སྲུང་གི་ནུས་པ་མཐོར་འདེགས་སུ་གཏོང་བ། ས་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།