དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི171སྣེ་ལེན་བྱས།

635.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི171སྣེ་ལེན་བྱས་ཤིང་། དེ་དུས་མཉམ་ལས241.1%འཕར་བ་དང2019ལོའི་དུས་མཉམ་ལས23.5%འཕར་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར13.78ཟིན་པ་དེ་དུས་མཉམ་ལས309.7%འཕར་ཡོད། དེའི་ནང“ཉིན་གཅིག་གི་ཡུལ་སྐོར”བྱེད་པའི་ཡུལ་སྐོར་བ་མི་ཐེངས་ཁྲི110.1ཡོད་ལ་དུས་མཉམ་ལས442.1%འཕར་སྣོན་བྱུང་ཡོད། 

རྗེས་མར་བོད་ལྗོངས་ཀྱིས་ལས་དོན་བྱ་ཐབས་ཁག་མུ་མཐུད་གསར་གཏོད་བྱེད་པ་དང་། ལྷག་པར་དུ་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་བོད་ལྗོངས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།  ས་གནས་ཡུལ་སྐོར་ཁྲོམ་ར་ལྗོངས་ནང་ཁུལ་དུ་འཁོར་རྒྱུག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ལྗོངས་ཡོངས་ཀྱི་ཡུལ་སྐོར་སྤུས་ལེགས་སྒོས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།