བོད་ལྗོངས་ཀྱིས་གློག་རྡུལ་ཚོང་དོན་ཞིང་སྡེར་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་རྒྱ་ཆེར་སྤེལ་བ།

dbbce545-c0e1-42d7-baa2-e45237303b3c.jpg

འདི་ནི་གྲོ་མོ་རྫོང་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་མི་སྣས་སྤྱོད་མཁན་གྱི་མངགས་ཐོ་ལྟར་ཚོང་ཟོག་སྡེབ་སྒྲིག་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོར་བོད་ལྗོངས་ཀྱིས་གློག་རྡུལ་ཚོང་དོན་ཞིང་སྡེར་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་སྤེལ་བ་ནས་བཟུང་། མིག་སྔའི་བར་ལྗོངས་ཡོངས་སུ་རྫོང་རིམ་པའི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས27དང་། ཤང་རིམ་པའི་ཞབས་ཞུའི་ས་ཚིགས231། གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས704བཅས་བསྐྲུན་ཏེ། རོང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལས་དོན་ནུས་ལྡན་སྒོས་སྦྲེལ་མཐུད་ཐུབ་པར་འགན་ལེན་ཏན་ཏིག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།