“འཛམ་གླིང་ཡང་རྩེའི”རོང་འབྲོག་མང་ཚོགས་ཀྱིས་སྔོ་ཚལ་འདེབས་འཛུགས་ལས་དོན་རྒྱ་ཆེར་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ལ“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་ཀྱིན་ཡོད། རྒྱ་མཚའོ་ངོས་ལས་ས་བབ་མཐོ་བའི་དབང་གིས་དེ་སྔའི་མངའ་རིས་སུ་སྔོ་ཚལ་ཐོན་སྐྱེད་བྱས་མྱོང་མེད་པ་དང་ཚང་མ་ཕྱི་ཕྱོགས་ཀྱི་ཐག་རིང་ས་ཁུལ་དུ་བརྒྱུད་དབོར་བྱེད་དགོས། ཉེ་བའི་ལོ་འགའི་རིང་། ས་གནས་དེ་གའི་སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་བས་མང་ཚོགས་ཀྱིས་རང་ཡུལ་གྱི་སྔོ་ཚལ་སོས་པ་ཟོས་བ་རེད།

139938672_16207198040621n.jpg

འདི་ནི་བོད་ལྗོངས་མངའ་རིས་སྒར་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་གི་དེང་རབས་ཅན་གྱི་ཞིང་ལས་སྒྲིག་ཆས་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། འདས་ཟིན་པའི་ལོ་ཟླའི་ནང་བོད་ལྗོངས་མངའ་རིས་ཀྱི་ས་ཁུལ་མང་ཆེ་བའི་སྔོ་ཚལ་མཁོ་འདོན་གཙོ་བོ་ལྷ་ས་ནས་དབོར་འདྲེན་བྱས་ཤིང་། སྐྱེལ་འདྲེན་དུས་ཚོད་ཉིན་གསུམ་ནས་ལྔ་ཙམ་འགོར་བ་དང་། ལྷ་ས་གྲོང་ཁྱེར་གྱི་རིན་གོང་ལས་ལྡབ་གཉིས་གསུམ་གྱི་མཐོ་བ་མ་ཟད། སྔོ་ཚལ་གྱི་རིན་གོང་ཤ་ལས་མཐོ་བ་རེད། ཡུན་རིང་སྔོ་ཚལ་མཁོ་འདོན་གྱི་མ་འདང་བའི་རྐྱེན་གྱིས་ས་གནས་དེ་གའི་མང་ཚོགས་ཀྱི་བཟའ་བཏུང་གྲུབ་ཆ་དོ་མི་མཉམ་པར་གྱུར་བ་དང་། སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་ཕྱིན་ནས་ལུས་ཕུང་བདེ་ཐང་ཆུ་ཚད་མཐོ་རུ་འགྲོ་རྒྱུར་འགག་རྐྱེན་བཟོས་པ་རེད། 

139938672_16207198041171n.jpg

འདི་ནི་ལས་བྱེད་མི་སྣས་བོད་ལྗོངས་མངའ་རིས་སྒར་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ་ཀྲོ་མ་ཀྲུ་འཐོག་བཞིན་པའི་ཚུལ་རེད།

མང་ཚོགས་ཀྱིས་སྔར་བས་ལྗང་མདོག་དང་སྔར་བས་སྐྱོན་བྲལ་གྱི་སྔོ་ཚལ་ཟ་བར་འགན་ལེན་བྱ་ཆེད། ཉེ་བའི་ལོ་འགའི་རིང་ས་གནས་དེ་གས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། སྒར་རྫོང་དང་སྤུ་ཧྲེང་གཉིས་སུ་སྤུས་ལེགས་ཀྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས་བྲིན་ཚོང་དུད་ཆེན་གཙོ་གནད་དུ་འཛིན་པ་དང་། རྣམ་གྲངས་ཀྱི་ཁྲིད་སྟོན་དང་། མ་དངུལ་གྱི་རོགས་སྐྱོར། ཆེད་དོན་ལག་རྩལ་ཞབས་ཞུ་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྲས་བཟང་ཉི་འོད་དྲོད་ཁང་དང་ཞིབ་ལས་ཅན་གྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། ས་བོན་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་ཤུགས་ཆེན་བཏང་བ། ཚད་ལྡན་ཅན་དང་ཞིབ་ལས་ཅན་གྱི་ཐོན་སྐྱེད་ལག་བསྟར་བཅས་བྱས་ནས་སྔོ་ཚལ་མཁོ་འདོན་བྱེད་ནུས་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་བ་རེད། ས་གནས་དེ་གའི་ད་དུང་དུས་བཅད་ལྟར་ལག་རྩལ་ཆེད་མཁས་བ་སྒྲིག་འཛུགས་བྱས་ཏེ་འདེབས་འཛུགས་ལག་རྩལ་ཁྱབ་གདལ་གཏོང་བའི་གསོ་སྦྱོང་དང་མཛུབ་ཁྲིད་བྱས་ནས་སྔོ་ཚལ་འདེབས་འཛུགས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་།

139938672_16207198041751n.jpg

འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་གི་ཕྱིའི་བཀོད་པ་རེད།

2020ལོར་མངའ་རིས་ས་ཁུལ་གྱིས་སྔོ་ཚལ་འདེབས་འཛུགས་མུའུ2600བྱས་ནས་སྔོ་ཚལ་ཐོན་ཚད་ཏུན5300ལྷག་ཟིན་པ་དེ་དུས་མཉམ་ལས་ཏུན680འཕར་བ་རེད། དེ་དང་ཆབས་ཅིག་ཏུ་ས་གནས་དེ་གའི་ད་དུང་རོང་འབྲོག་པར་རང་ཁྱིམ་གྱི་སྒོ་རའི་ནང་འགྱིག་ཤོག་དྲོད་ཁང་ཆུང་གྲས་བརྒྱབ་ནས་པད་ཚལ་དང་ལ་ཕུག་སོགས་བཏབ་ནས་སྔོ་ཚལ་གྱིས་རང་ཁ་རང་གསོ་ཐུབ་ཚད་སྔར་བས་མཐོ་རུ་གཏོང་རྒྱུར་ལྕག་སྐུལ་བྱས་པ་རེད།

139938672_16207197691751n.jpg

དེང་སྐབས། མངའ་རིས་ས་ཁུལ་གྱི་རོང་འབྲོག་པའི་གསོལ་ལྕོག་ཐོག་ལ་ཕུག་དང་། པད་ཚལ། ཧོང་ཀྭ ཞོག་ཁོག སུར་པན། སྲན་མྱུག་སོགས་སྔོ་ཚལ་རྒྱུན་དུ་ཡོད།རང་གིས་བཏབ་པའི་སྔོ་ཚལ་ཟ་ཐུབ་པ་མ་ཟད་ཟླ་རེར་སྔོ་ཚལ་འདེབས་འཛུགས་ཀྱི་ཡོང་འབབ་ཀྱང་སྔར་བས་ཇེ་མཐོར་འགྲོ་བཞིན་ཡོད། མངའ་རིས་ཀྱིས་དྲོད་ཁང་ཆེན་མོའི་ཞིང་ལས་འཕེལ་རྒྱས་བཏང་བ་མ་ཟད། ད་དུང་ཤ་མོའི་རིགས་དང་འབྲི་ཏ་ས་འཛིན་སོགས་སིལ་ཏོག་འདེབས་འཛུགས་ཁྱབ་གདལ་བཏང་ཡོད།

139938672_16207198042191n.jpg

གཡོན་གྱི་པར་རིས་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་གཙོ་ཚོ་ཤང་གཙོ་ཚོ་གྲོང་ཚོའི་གྲོང་མི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ་ཡོད་པའི་རྣམ་པ་ཡིན་ལ། གཡས་ཀྱི་པར་རིས་ནི་གྲོང་མིས་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ་སྔོ་ཚལ་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པའི་ཚུལ་རེད།

སྔོ་ཚལ་མཁོ་འདོན་དང་རང་ཁ་རང་གསོ་ཐུབ་པར་འགན་ལེན་བྱེད་པ་དང་ཆབས་ཅིག་ཏུ་མངའ་རིས་ཀྱི་སིལ་ཏོག་ཞིང་ལས་ཀྱང་ཡར་ངོའི་ཟླ་ལྟར་གོང་འཕེལ་དུ་འགྲོ་བཞིན་ཡོད། ས་གནས་དེ་གའི་སྔ་རྗེས་སུ་སིལ་ཏོག་དང་སྔོ་ཚལ་སྣ་ཁ20ལྷག་ནང་འདྲེན་བྱས་པ་དང་། རྒུན་འབྲུམ་དམར་པོ་སོགས་ནང་འདྲེན་བྱས་ཏེ་ཚོད་ལྟའི་འདེབས་འཛུགས་བྱས་ཤིང་། སིལ་ཏོག་དེ་དག་རྒྱལ་ནང་གི་གཞི་ཁྱོན་ཅན་གྱི་འདེབས་གསོའི་ས་བབ་མཐོ་ཤོས་ཡིན་པས་ས་གནས་དེ་གའི་འདེབས་གསོའི་སྐྱེ་དངོས་ཀྱི་སྣ་ཁ་ཇེ་མང་དུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི“ཚོད་སླེ”ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པའང་འཚོལ་ཞིབ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།