བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི“ལྔ་གཅིག”གུང་གསེང་རིང་ལྷ་ས་གྲོང་ཁྱེར་སྟག་གདོང་གྲོང་ཚོ་འདི་ཉིད་ཡུལ་སྐོར་བྱ་ཡུལ་གཙོ་བོར་གྱུར་ཞིང་། ཡུལ་སྐོར་བ་མང་པོ་ཞིང་སྡེར་བསྐྱོད་དེ་རི་མོ་ལྟ་བུའི་སྐྱེ་ཁམས་མཛེས་ལྗོངས་ལ་མྱོང་རོལ་དང་། མཐོ་སྒང་གི་ཁྱད་ལྡན་ཞིམ་ཟས་རོལ་མྱོང་། ཡུལ་གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་བྱ་འགུལ་སྣ་ཚོགས་ནང་ཞུགས་པ་བཅས་བྱས་ཏེ་སྲོལ་རྒྱུན་གྲོང་སྡེའི་ཡུལ་སྐོར་ཉམས་ལེན་བྱས་པ་རེད།

2.jpg

འདི་ནི་སྟག་གདོང་གྲོང་ཚོའི་མཛེས་ལྗོངས་ཁུལ་གྱི་རྣམ་པ་རེད།

ཉེ་བའི་ལོ་འགའི་རིང་། ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་བཏང་བར་བརྟེན་ནས་ལྷ་ས་གྲོང་ཁྱེར་སྟག་གདོང་གྲོང་ཚོའི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་ལྡབ་ཁ་ཤས་འཕར་ཏེ་དབུལ་ཐར་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད། སྔ་རྗེས་སུ“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོའི་ལོ་རྒྱུས་གནའ་བོའི་གྲོང་ཚོ”དང་། “སྐོར་བདུན་པའི་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན” “2017ལོར་ཞིང་སྡེའི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་བའི་མཛེས་སྡུག་ལྡན་པའི་དཔེ་སྟོན་གྲོང་ཚོ”སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་ནས་ཞིང་སྡེའི་ཡུལ་སྐོར་གྱི་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

3.jpg

འདི་ནི་ཡུལ་སྐོར་བས་སྟག་གདོང་གྲོང་ཚོའི་མཛེས་ལྗོངས་ཁུལ་གྱི་ཆུ་ཕྲན་འགྲམ་དུ་རྩེད་མོ་རྩེ་བཞིན་པའི་རྣམ་པ་རེད།

དེང་སྐབས་སྟག་གདོང་གྲོང་ཚོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འདི་ཉིད་ཕྱུག་འགྱུར་གྱི་ལམ་བུར་གྱུར་ཡོད་ཅིང་། མིག་སྔར“བདེ་སྐྱིད་གླིང་ཁ”དང་། “སྟག་གདོང་ཁམ་བུའི་མེ་ཏོག་འདུ་ཚོགས” “རོལ་དབྱངས་རབ་དགའི་རོལ་རྩེད་དུས་ཆེན” “གནས་མཆོག་ཆུ་ཚན” “གཞིས་ཀའི་རྗེས་ཤུལ”སོགས་ཞིང་སྡེའི་ཡུལ་སྐོར་སྤུས་རྟགས་གྲུབ་ཡོད། ཡུལ་སྐོར་སྤུས་རྟགས་དེ་དག་ལག་བསྟར་བྱས་པ་བརྒྱུད་གྲོང་ཚོ་དེའི་མང་ཚོགས78ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ནས་ལོར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི40སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི700ལྷག་ཟིན་ཡོད།

139936367_16206365836621n.jpg

འདི་ནི་ཐུར་ལྟ་བྱས་པའི་ལྷ་སའི་བར་སྐོར་ཁྲོམ་གཞུང་གི་ཕྱིའི་བཀོད་པ་རེད།

ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་དུ་ད་ལྟའི་བར་ལོ་ངོ1300ཡི་ལོ་རྒྱུས་ལྡན་ཡོད་ལ། ཅུང་ཆ་ཚང་བའི་སྒོ་ནས་གནའ་གྲོང་གི་སྲོལ་རྒྱུན་རྣམ་པ་ཉར་ཚགས་བྱས་ཡོད། བོད་རྙིང་པའི་སྐབས་ཀྱི་སྒོ་ར་ཆེན་པོ283ཡོད་པ་ལས་མང་ཆེ་བ་ནི་ཉེན་ཡོད་སྡོད་ཁང་ཡིན་པ་དང་། ཁང་པ་གོག་ཧྲུལ་ཡིན་པ། ཆུ་འདོན་སྤྲོད་དང་ཕྱིར་འབུད་སོགས་གཞི་རྩའི་འཚོ་བའི་སྒྲིག་བཀོད་མེད་པ་སོགས་ཀྱི་གནད་དོན་གནས་པ་རེད། སྲིད་གཞུང་གིས1978ལོ་ནས་བཟུང་གྲོང་ཁུལ་རྙིང་པའི་སྔར་ཡོད་ཀྱི་སྡོད་ཁང་དང་ཁོར་ཡུག་སྒྲིག་བཀོད་སྒྱུར་བཀོད་བྱས་པ་དང་འབྲེལ་སྐོར་བགོས་ཀྱི་བྱ་ཐབས་སྤྱད་དེ་སྡོད་ཁང་སྒྱུར་བཀོད་བྱས་ཤིང་། སྒྱུར་བཀོད་དང་ཞིག་གསོ་བྱས་པ་བརྒྱུད་ཚད་གཞི་ངེས་ཅན་གྱི་ཐོག་དེ་གའི་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་རེད།

5.jpg

འདི་ནི་བར་སྐོར་ཁྲོམ་གཞུང་གི་ཟུར་གཅིག་རེད།

2011ལོར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་ནང་གི་གནའ་བོའི་བཟོ་བཀོད་ཀྱི་སྒོ་བྱང་བཀལ་བའི་སྒོ་ར་ཆེན་པོ56གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་བཅུག་པ་རེད། ཕྱི་ལོར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ལོ་མང་ཉམས་གསོ་མ་བྱས་པའི་གནའ་བོའི་བཟོ་བཀོད་གྱི་སྒོ་རར་སྲུང་སྐྱོང་རང་བཞིན་གྱི་ཉམས་གསོའི་ལས་དོན་སྤེལ། བརྒྱུད་རིམ་ལྡན་པའི་སྒོ་ནས་ཉམས་གསོ་དང་སྲུང་སྐྱོང་བྱས་པ་བརྒྱུད། དེང་སྐབས་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་གི་གནའ་བོའི་བཟོ་བཀོད་ཀྱི་སྒོ་ར་ཆེན་པོར་དེ་སྔའི་མི་རིགས་ཀྱི་ཁྱད་ཆོས་དང་ཉམས་འགྱུར་ཟབ་མོ་མངོན་ཡོད།

6.jpg

འདི་ནི་ལྷ་སའི་གྲོང་མི་ལྷག་པས་སྡོད་ཁང་གསར་པའི་ནང་མེ་ཏོག་ལ་ཆུ་གཏོར་བཞིན་པའི་ཚུལ་རེད།

ཁོར་ཡུག་སྒྲིག་བཀོད་ཇེ་ལེགས་སུ་ཕྱིན་པ་དེས་བར་སྐོར་ཁྲོམ་གཞུང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། བར་སྐོར་ཁྲོམ་གཞུང་ཁུལ་དུ་ཚོང་ཁང་གཉེར་བ་དང་། ཟ་ཁང་འཛུགས་པ། གྱོན་གོས་འཚོང་བ། མགྲོན་ཁང་གཉེར་བ་སོགས་ཀྱི་ཚོང་གཉེར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། གནའ་བོའི་བཟོ་བཀོད་ཀྱི་རྣམ་པ་དང་དེང་རབས་ཀྱི་ཚོང་ལས་ཁྲོམ་གཞུང་མཉམ་འདྲེས་ལེགས་པོ་བྱས་ཡོད་ཅིང་། ཉི་འོད་འོག་གྲོང་མི་དང་ཡུལ་སྐོར་བ་ཚོས་ཇ་ཁང་དུ་འོ་ཇ་མངར་མོ་འཐུང་བཞིན་སོས་དལ་བག་ཕེབས་ཀྱི་རྣམ་པས་ཁེངས་ཡོད།

7.jpg

འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་གི་སྤྱི་པའི་གསང་སྤྱོད་རེད།

གཞི་གྲངས་ལས་མངོན་པར་གཞིགས་ན། 2018ལོ་ནས་བཟུང་བོད་ལྗོངས་སུ་གསར་དུ་སྒྱུར་བཀོད་བྱས་པའི་ཞིང་སྡེའི་དུད་ཚང་དུ་སྤྱོད་ཁང་བཀོལ་ཚད་ཁྲི10ལྷག་ལ་སླེབས་པ་དང་། རོང་འབྲོག་ཁུལ་དུ་སྤྱོད་ཁང་ཁྱབ་ཚད45%ལས་བརྒལ་བ། གྲོང་ཚོ90%ཡན་གྱི་འཚོ་བའི་གད་སྙིགས་གཙང་བཟོ་བཅས་བྱས་པ་རེད།2020ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་གྲོང་ཚོ30%ཡན་གྱི་ཞིང་སྡེའི་འཚོ་བའི་བཙོག་ཆུ་གང་བྱུང་དུ་འབུད་རྒྱུར་དོ་དམ་ཚོད་འཛིན་བྱས་པ་དང་། གྲོང་ཚོ136གིས་མཛེས་སྡུག་ལྡན་ཤིང་མི་སྡོད་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་བསྐྲུན་ནས་གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ཇེ་ལེགས་སུ་བཏང་བ་རེད།

བོད་ལྗོངས་ཀྱི་མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་མཐོ་སྒང་གི་མཛེས་སྡུག་དེ་སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ་དང་ལས་རིགས་གཉེར་བར་འཚམ་པ། བྱ་གཞག་བསྒྲུབ་རྒྱུར་འཚམ་པའི་མཛེས་སྡུག་ལྡན་པའི་ཞིང་སྡེ་སྐོར་ཞིག་ནས་དྲ་ཐོག་ཏུ་སྐད་གྲགས་ཆོད་པའི་ས་ཆ་ཞིག་ཏུ་གྱུར་ནས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།