ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས7ཉིན་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་དངོས་མང་སྟོན་ཚོགས་རིང“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་བར་ལྟ་སྐོར་བྱས་ནས་སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཞེས་པ་བརྗོད་གཞི་ཡིན་པའི“སའི་གོ་ལའི་སྣེ་གསུམ་པའི”ཐོན་རྗས་གྲགས་ཅན་གྱི་འོས་སྦྱོར་ཚོགས་འདུ་དེ་ཧའེ་ཁོའུ་གྲོང་ཁྱེར་དུ་བསྡུས།
མཚོ་བོད་མཐོ་སྒང་ལ་འཛམ་གླིང་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་ལྕོག སའི་གོ་ལའི་སྣེ་གསུམ་པ་བཅས་ཀྱི་མཚན་སྙན་ལྡན་ཞིང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་མཐར་ཕྱིན་མཛད་དེ། “སའི་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཐོན་རྫས་གྲགས་ཅན་གྱི་འཕེལ་རྒྱས་འཐབ་ཇུས་གཏན་འབེབས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་བདེ་སྐྱིད་ཀྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས་པ་ལས་གཞན། སའི་གོ་ལའི་སྣེ་གསུམ་པའི་ས་ཁམས་དེ་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་དོན་གཙོ་བོར་བཟུང་ནས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་ཐོན་རྫས་གྲགས་ཅན་གྱི་རིག་གནས་ཁྱབ་སྤེལ་བཏང་བ་དང་། འཛམ་གླིང་ཡོངས་ལ་བོད་ལྗོངས་ཀྱི་དག་གཙང་ཁོར་ཡུག་དང་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་པ་མ་ཟད། “དྭངས་གཙང་བོད་ལྗོངས། འཛམ་གླིང་ལོངས་སྤྱོད”མངོན་འགྱུར་བྱས། མིག་སྔར“སའི་གོ་ལའི་སྣེ་གསུམ་པའི”ཐོན་རྫས་གྲགས་ཅན་གྱི་འཛུགས་སྐྲུན་ལས་དོན་དེ་དངོས་སུ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཁྲོད་བཞག་སྟེ། བོད་ལྗོངས་ཀྱིས་ཐོན་ལས་མཐོར་འདེགས་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་མཐོ་ཚད་ནས་གསོ་སྐྱོང་བྱ་རྒྱུ་ཡིན་པ་དང་། ཐོན་རྫས་གྲགས་ཅན་གྱི་ཆེད་ལས་རང་བཞིན་དང་མ་ལག་རང་བཞིན། ཚན་རྩལ་རང་བཞིན་གྱི་འཁོར་སྐྱོད་ལ་བརྟེན་ནས། ངེས་པར་དུ་རྒྱུན་མཐུད་ངང་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས། ཐོན་རྫས་གྲགས་ཅན་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་སུ་གཏོང་བ་དང་། བོད་ལྗོངས་ཀྱི་ཐོན་ལས་ཕྱི་ཕྱོགས་སུ་ཁྱབ་པའི་ཁྱད་ལྡན་ལམ་བུ་ཞིག་སྐྲུན་རྒྱུ་རེད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
“སའི་གོ་ལའི་སྣེ་གསུམ་པའི”ཐོན་རྫས་གྲགས་ཅན་གྱི་འོས་སྦྱོར་ཚོགས་འདུ་ཧའེ་ཁོའུ་གྲོང་ཁྱེར་ནས་བསྡུས།