བོད་ལྗོངས་སུ་ཡུལ་སྐོར་བ་ཤིན་ཏུ་མང་བའི་དུས་ལ་སླེབས་པ།

1.jpg

ཕོ་བྲང་པོ་ཏ་ལ།

2.jpg

ལྷ་ས་བར་སྐོར་གྱི་ཡུལ་སྐོར་བ་རྣམས།

3.jpg

པར་རྒྱག་བཞིན་པའི་ཡུལ་སྐོར་བ།

4.jpg

རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2021ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི171སྣེ་ལེན་ཞུས་ཏེ་དུས་མཉམ་དང་བསྡུར་ན་ལྡབ2.4ཡིས་འཕར་ཞིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར13.78ཟིན་ནས་ལྡབ3.1ཡར་འཕར་ཡོད། “ལྔ་གཅིག”གུང་གསེང་སླེབས་ལ་ཉེ་བའི་དུས་འདིར་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་བར་སྐོར་སོགས་སུ་བོད་ཀྱི་གཟབ་མཆོར་སྤྲས་ནས་པར་རྒྱག་བཞིན་པའི་ཡུལ་སྐོར་བ་མང་པོ་མཐོང་ཐུབ་པ་དེས་བོད་ལྗོངས་སུ་ཡུལ་སྐོར་བ་ཤིན་ཏུ་མང་བའི་དུས་ལ་སླེབས་པ་མཚོན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།