བོད་རང་སྐྱོང་ལྗོངས་ཀྱིས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་ཐོན་རྫས་བདུན་ཁྱབ་བསྒྲགས་བྱས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ཉེ་ཆར་གསར་བརྗེའི་ཡུལ་སྐོར་ལམ་ཐིག་ཐོན་རྫས7ཁྱབ་བསྒྲགས་བྱས། བོད་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་གསར་བརྗེའི་ཡུལ་སྐོར་གྱི་ཕུལ་བྱུང་མཛེས་ལྗོངས་ཁུལ། གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་རིག་གནས་དང་མཛེས་ལྗོངས་ཐོན་ཁུངས་ཟུང་འབྲེལ་སྒོས་ཧུར་ཐག་གིས་ཡུལ་སྐོར་བར་སྤུས་ལེགས་ཀྱི་ཡུལ་སྐོར་ཉམས་ལེན་བྱེད་དུ་བཅུག་ཡོད།  

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག7ནི་སོ་སོར་འོད་སྟོང་འཕྲོ་བའི་ལྷ་སའི་འཕོ་འགྱུར་ལ་ལྟ་བ(ཉིན་གཅིག་གི་ཡུལ་སྐོར)དང་། གཙང་ཁུལ་གྱི་ཡུལ་ལྗོངས་རྣམ་པར་བཀྲ(ཉིན་གཉིས་ཀྱི་ཡུལ་སྐོར)། ལྷས་ལུང་སྟག་མ་རབ་ཏུ་བཞད(ཉིན་གསུམ་གྱི་ཡུལ་སྐོར)། རབ་མཛེས་གྲོང་གསེབ་ཉམས་སུ་མྱོང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ(ཉིན་བཞིའི་ཡུལ་སྐོར)། གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་བྱས་ཏེ་འབད་འཐབ་སྙིང་སྟོབས་རྒྱུན་འཛིན་བྱེད་པ(ཉིན་ལྔའི་ཡུལ་སྐོར)། བགྲོད་པར་དཀའ་བའི་ལམ་དུ་སྐྱོད་དེ་ལམ་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད(ཉིན་དྲུག་གི་ཡུལ་སྐོར)། ཁུང་ཧྥན་སིན་གྱི་སྙིང་སྟོབས་བཙལ་ནས་གནམ་མཚོ་སྔོན་མོས་ཆུ་ལྕོག་བསྐྲུན(ཉིན་བདུན་གྱི་ཡུལ་སྐོར)བཅས་ཡིན། 

གཞི་གྲངས་ལས་མངོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ཡི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི15763.26སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2125.96ཐོབ་ཡོད། ཡུལ་སྐོར་དཔལ་འབྱོར་ཡོང་འབབ་ཀྱིས་རང་སྐྱོང་ལྗོངས་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་ཀྱི་བསྡུར་ཚད་ཀྱི33.3%ཟིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།