མ་དཔེ་གསར་པ་བཏོད་དེ་གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་བརྟས་པ།

—— བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་གཅེས་སེམས་རོགས་སྐྱོར་བྱེད་སྒོའི་དངོས་བྲིས།

09f23bc7-fa76-4a06-9a1e-4460f4ad7fc3.jpg

འདི་ནི་གཅེས་སེམས་རོགས་སྐྱོར་བྱེད་སྒོར་བོད་ཀྱི་གསོ་རིག་སྨན་པས་མེ་ཏོག་རྫོང་མེ་རི་གྲོང་ཚོར་འོས་འགན་སྨན་བཅོས་བྱེད་བཞིན་པ།

3fb359a6-5a72-4427-91ab-106136827c57.jpg

འདི་ནི་མེ་ཏོག་རྫོང་མེ་རི་གྲོང་ཚོའི་ཡུལ་མིས་བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པའི་ཁྱིམ་ཆས་དབོར་བཞིན་པ།

བོད་ཀྱི་ས་གནས་འདི་གའི་སྤྱི་ཕན་རྩ་འཛུགས་ཀྱིས་གསར་གཏོད་ཇི་ལྟར་བྱེད་དགོས་སམ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཇི་ལྟར་བྱེད་དགོས་སམ།

“ང་ཚོས་ད་ལྟ་འཚོལ་ཞིབ་བྱེད་བཞིན་པའི་སྒང་ཡིན”ཅེས་བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ལས་དོན་མི་སྣས་བརྗོད།

ཉེ་དུས་གསར་འགོད་པས་རྩ་འཛུགས་དེ་དང་མཉམ་དུ་ལྷ་ས་ནས་ཐོན་ཏེ་དགའ་ལུང་ལ་ཕུག་ལམ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་རི་གྲོང་ཚོར་བསྐྱོད་པ་ཡིན། ང་ཚོས་སྒོར་ཁྲི་12རི་བའི་དངོས་ཟོག་མཐའ་མཚམས་ཀྱི་གྲོང་ཚོར་སྐྱེལ་བར་ཕྱིན་པ་ཡིན། ང་ཚོ་དང་མཉམ་དུ་ད་དུང་བོད་ལུགས་གསོ་རིག་སྨན་པ་9དང་ཞིང་ལས་རིགས་གཅིག་མཁས་ཅན་2ཡོད།

གསར་གཏོད། བོད་ཀྱི་སྤྱི་ཕན་བྱེད་སྒོ་ཐོག་མ་མཐའ་མཚམས་གྲོང་ཚོར་སྤེལ་བ།

ཉེ་དུས་བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཅེས་སེམས་ཁེ་ལས་དང་མཉམ་དུ་མཐའ་མཚམས་གྲོང་ཚོར་ཐོག་མར་བསྐྱོད་དེ། “གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི”གཅེས་སེམས་རོགས་སྐྱོར་བྱེད་སྒོ་སྤེལ་བ་རེད།

གཅེས་སེམས་དངོས་ཟོག་སྤྲད་ཡུལ་དུ་ཉལ་ཁྲི་དང་། ཅོག་ཙེ། བརྙན་འཕྲིན། འཁྱག་སྒམ་སོགས་ཡོད། “དུས་རྒྱུན་གྱི་སྤྱི་ཕན་བྱེད་སྒོ་དང་མི་འདྲ་བར་ང་ཚོས་མཐའ་མཚམས་གྲོང་མིའི་འདོད་མོས་དང་དགོས་མཁོ་བཞིན་དངོས་ཟོག་ཞལ་འདེབས་བརྒྱབ་པ་ཡིན”ཞེས་བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་རྣམ་གྲངས་དེའི་འགན་འཁུར་བས་བརྗོད།

བྱེད་ཐབས་དེས་མི་ཚང་མའི་འདོད་པ་ཡོངས་སུ་སྐོང་མི་ཐུབ། འོ་ན་གྲོང་མིའི་དགོས་མཁོ་ཇི་ལྟར་སྐོང་དགོས་སམ། བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་བྱེད་སྒོ་མ་སྤེལ་གོང་ས་གནས་དེ་རང་དང་མཐུན་སྦྱོར་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོར་ཞིབ་ཅིང་ཕྲ་བའི་བརྟག་ཞིབ་བྱས་པ་དང་། སྤྱི་ཕན་བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་གྲོང་མི་ཚོས་རང་འགུལ་ངང་དགོས་མཁོ་དག་བརྗོད་ཡོད་པ་རེད།

སྤྱི་ཕན་བྱེད་སྒོའི་བྱེད་ཐབས་གསར་པ་དེས་གཞི་རིམ་གྱི་དམངས་གཙོ་མཚོན་ཐུབ། མཐུན་སྦྱོར་ཐེངས་མང་བྱས་པ་བརྒྱུད། བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་དུད་ཚང་རེར་སྒོར་3000གཡས་གཡོན་གྱི་་ཞལ་འདེབས་ཚད་གཞི་གཏན་འཁེལ་བྱས་ནས་གྲོང་མི་ཚོར་རང་མོས་ངང་དངོས་ཟོག་འདེམས་སུ་བཅུག་པ་རེད།

བྱེད་ཐབས། ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ།

སྤྱི་ཕན་ནི་སྟབས་བདེའི་ཞལ་འདེབས་རྒྱག་པ་ཙམ་མིན། གྲོང་ཚོར་སླེབས་དུས་གྲོང་མི་རྣམས་ཁྱིམ་ཆས་དབོར་བཞིན་ཡོད། ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཞིང་ལས་རིགས་གཅིག་མཁས་ཅན་བསྟན་འཛིན་ཚེ་རིང་གིས་གསར་འགོད་པ་ལྡུམ་རའི་ནང་དུ་ཁྲིད་དེ་ཚ་ལུ་མའི་སྡོང་པོ་ཞིག་ལ་མཛུབ་མོ་བཙུགས་ནས། “ཁྱེད་ཀྱིས་ལོ་མའི་སྟེང་གི་གནོད་འབུ་མཐོང་གི་འདུག་གམ། ཉིན་ཤས་སོང་རྗེས་ངས་ཁོང་ཚོར་འབྲས་ཤིང་ལ་གཡོག་བྱེད་བྱེད་སྟངས་སློབ་ཀྱི་ཡིན”ཞེས་བརྗོད།

སློབ་ཚན་འཚོག་སར་བསྟན་འཛིན་ཚེ་རིང་གིས་གྲོང་མི་ཚོར“ཁྱེད་ཚོས་ཞིང་སྨན་བརྒྱབ་རྗེས་དེའི་འཁྲིས་སུ་ངལ་གསོ་བརྒྱབ་ནས་ཁ་ལག་ཟ་བའམ་ཡང་ན་ཐ་མག་འཐེན་ནས་སྡོད་ཀྱི་ཡོད་དམ”ཞེས་དྲིས་པས། དེར་ཡོད་པའི་གྲོང་མི་21ཚང་མས་མགོ་བོ་ལྕོག་ལྕོག་བྱས།

“རྗེས་སུ་དེ་འདྲ་བྱས་ན་མི་འགྲིག གལ་ཏེ་དུག་ཕོག་ནས་སྨན་ཁང་དུ་འགྲོ་དགོས་བྱུང་ན་འགྲོ་སོང་ཆེན་པོ་རེད”ཁོང་གིས་གོ་བདེ་ཤེས་སླའི་གཏམ་གྱིས་གྲོང་མི་ཚོའི་དོ་སྣང་ཡོང་ཐབས་བྱས་པ་དང་། ཡང་ཞིང་སྨན་རྒྱག་དུས་ཁ་རས་རྒྱག་པ་དང་། ཆུ་ལྷམ་དང་ཞྭ་མོ་སོགས་གྱོན་དགོས་པའི་དྲན་སྐུལ་ཡང་ཡང་བྱས།

འཆད་ཁྲིད་བྱས་ཟིན་རྗེས། གྲོང་མི་ཁག་གཅིག་ལ་ཕན་ཐོགས་ཆེན་པོ་བྱུང་བས་ཆེད་མངག་འཆད་ཁྲིད་སྟེགས་བུར་འཛེགས་ཏེ་ཁོང་དང་ལག་པ་གཏོང་གི་ཡོད།

རྒྱུན་མཐུད། སྤྱི་ཕན་རོགས་སྐྱོར་བྱས་ནས“གསོན་ཤུགས”བརྟས་པ།

ད་ཐེངས་བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་བོད་ལུགས་གསོ་རིག་སྨན་པ་9མང་ཚོགས་ཀྱི་སྒོ་རྩར་འོས་འགན་སྨན་བཅོས་བྱེད་པར་ཁྲིད་པ་རེད།

ལོ་60ལ་སླེབས་པའི་མོན་པ་རིགས་ཀྱི་གྲོང་མི་བསྟན་འཛིན་ཆོས་སྒྲོན་ནི་འོས་འགན་སྨན་བཅོས་དང་ལེན་བྱེད་མཁན་ཡུལ་མི་དང་པོ་དེ་རེད།

ལོ་23ལ་སླེབས་པའི་སྨན་གླིང་བོད་ལུགས་གསོ་རིག་སློབ་གྲྭའི་སྨན་པ་ཆོས་གྲགས་ཀྱིས་ཁ་རས་བརྒྱབ་པ་དང་ལས་གོས་དཀར་པོ་གྱོན་ནས་བསྟན་འཛིན་ཆོས་སྒྲོན་ལ་རྩ་བལྟས་རྗེས། “ཁྱེད་རང་གཏན་གཏན་ཞོགས་ཟས་བཟས་ཡོད་ཀྱི་མ་རེད”ཞེས་བཤད་པས། བསྟན་འཛིན་ཆོས་སྒྲོན་གྱིས“བཟས་མེད”ཅེས་ལན་བཏབ།

“རྗེས་སུ་ཞོགས་ཟས་ཟ་རྒྱུ་མ་བརྗེད་པ་བྱེད་དགོས། འཁྱུག་ཙམ་སོང་རྗེས་སྨན་ལེན་པར་སོང”ཞེས་ཆོས་གྲགས་ཀྱིས་སྨན་ཤོག་འབྲི་གྱིན་ཁོ་མོར་དེ་ལྟར་བཤད།

སྔ་དྲོ་ཆོས་གྲགས་ཀྱིས་གྲོང་མི་13ལ་ནད་དཔྱད་བྱས་ཤིང་། “མི་མང་ཆེ་བར་ཚབས་ཆེ་ཆུང་མི་འདྲ་བའི་ཕོ་བའི་ནད་འདུག གང་ཡིན་ཞེ་ན་མི་མང་ཆེ་བར་ཞོགས་ཟས་ཟ་བའི་གོམས་གཤིས་མི་འདུག དེས་མ་ཟད་ཡུལ་འདི་གར་བཞའ་ཚན་ཆེ་བ་དང་ད་དུང་མི་མང་པོ་ཞིག་གིས་ཞིང་ལས་བྱས་རྗེས་རང་ཁྱིམ་གྱི་ཨ་རག་འཐུང་སྲོལ་ཡོད་པས། དེ་ལྟར་ཡུན་རིང་སོང་རྗེས་ཕོ་བའི་ནད་ཕོག་གི་ཡོད”ཅེས་བརྗོད།

བོད་ཀྱི་སྤྱི་ཕན་བྱ་གཞག་གིས་གྲོང་གསེབ་ཀྱི་གསོན་ཤུགས་ཇི་ལྟར་བརྟ་བར་བྱེད་དགོས་སམ་ཞེ་ན། “སྤྱི་ཕན་དགེ་སྒྲུབ་ཀྱིས་གྲོང་མིའི་འདུ་ཤེས་འགྱུར་བར་གལ་འགངས་ཆེ་བའི་ནུས་པ་ཐོན་ཐུབ” མིག་སྔར་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ཕྱོགས་ཡོངས་སུ་ཁྱབ་ཡོད། འོན་ཀྱང་གྲོང་མི་ཁག་གཅིག་གི་འདུ་ཤེས་སྔར་བཞིན་བག་འཁུམ་ཡིན། སྤྱི་ཕན་རྩ་འཛུགས་ཀྱིས་ཁ་གསབ་ཀྱི་ནུས་པ་འདོན་པ་དང་ཆེད་ལས་ཀྱི་སྟོབས་ཤུགས་བཏོན་ནས་མང་ཚོགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་ཐུབ་ཅེས་མེ་ཏོག་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ནན་ཤའོ་ཕོང་གིས་བཤད།

བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཞི་རིམ་གྱི་དགོས་མཁོར་བརྟག་ཞིབ་ཧུར་ཐག་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཕན་རྣམ་གྲངས་བརྩོན་ལེན་བྱས་ནས་འཁོར་རྒྱུག་བཟང་པོ་དང་ཕུགས་ཕན་དངོས་གཉེར་གྱི་སྤྱི་ཕན་རྣམ་གྲངས་རྒྱ་སྐྱེད་བཏང་སྟེ། མང་ཚོགས་ཀྱི་གསོན་ཤུགས་སྔར་བས་བརྟས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།