ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལེགས་སྐྱེས་དང་། མཛའ་གྲོགས། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་བར་སྐོར་སྲང་ལམ་རབ་གསལ་སྡེ་ཁུལ་གྱི་དང་བླངས་པས་སྲང་ལམ་སྡེ་ཚོགས་ལས་དོན་ཨུ་ལྷན་དང་མཉམ་དུ་ཁྲེང་ཀོན་ཆུས་སྐྱེ་ཁམས་ལམ་དུ“མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད། ང་ཚོས་མཉམ་དུ་བྱ་སྤྱོད་སྤེལ”ཞེས་པ་བརྗོད་དོན་གཙོ་བོའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པས་གད་རྒྱག་པ་དང་། གད་སྙིགས་སྒྲུག་པ། རྩྭ་ངན་འགོག་པ་སོགས་བྱས་པ་རེད། བྱེད་སྒོ་མཇུག་འགྲིལ་རྗེས་དང་བླངས་པས་གཙང་སེལ་བྱས་པའི་གད་སྙིགས་རྩྭ་རས་10ལྷག་ཙམ་གད་སྙིགས་སྦ་སར་གཅིག་སྡུད་ཐོག་གཙང་སེལ་བྱས་པ་རེད།
དང་བླངས་པ་ཚོས་ད་རེས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་པ་བརྒྱུད། རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་སོང་། སླད་ཕྱིན་བྱ་སྤྱོད་དངོས་ལ་བརྟེན་ནས་དང་བླངས་པ་དེ་བས་མང་བར“མ་ཡུམ་གཙང་པོར་སྲུང་སྐྱོང”བྱེད་པའི་བྱ་སྤྱོད་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། ལྷ་སའི་རི་སྔོན་ཆུ་དྭངས་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བར་སྐོར་སྲང་ལམ་རབ་གསལ་སྡེ་ཁུལ་གྱིས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།