བོད་ལྗོངས་ཀྱིས་ཚོང་འགུགས་དངུལ་འདྲེན་གྱི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་པར་འགྲེམས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་དངུལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས་འགའ་ཞིག》ནང་ཚོང་འགུགས་དངུལ་འདྲེན་གྱི་སྲིད་ཇུས་སྔར་ལས་ཇེ་ལེགས་སུ་བཏང་སྟེ་ཁྲལ་བསྡུ་དང་དངུལ་རྩ། ཐོན་ལས་རོགས་སྐྱོར་སོགས་ཀྱི་ཐད་གཟིགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་མ་ཟད། ད་དུང་ཚོང་འགུགས་བྱེད་སྟངས་གསར་བ་དར་སྤེལ་དུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་པར་བརྩོན་ལེན་བྱས་པ་རེད།

གཏན་འབེབས་ནང་བསྟན་དོན། ཁེ་ལས་ཀྱིས2021ལོའི་ཟླ1པོའི་ཚེས1ཉིན་ནས2030ལོའི་ཟླ12པའི་ཚེས31ཉིན་བར《ནུབ་རྒྱུད་ས་ཁུལ་གྱི་སྐུལ་སློང་རིགས་ཀྱི་ཐོན་ལས་དཀར་ཆག》གི་ཐོན་ལས་གཉེར་བ་མ་ཟད། གཙོ་གཉེར་ལས་སྒོའི་ཡོང་འབབ་ཀྱིས་ཁེ་ལས་ཀྱི་ཡོང་འབབ་བསྡོམས་འབོར་གྱི60%ཡན་བཟུང་པའི་རིགས་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁེ་ལས་ཐོབ་ཁྲལ་གྱི་ཁྲལ་ཚད15%ལག་བསྟར་བྱེད་པ། 

གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། གཏན་འབེབས་གསར་པའི་ནང་ཁེ་ལས་ཀྱིས་ལས་གཏོད་ཁག་ཐེག་དངུལ་བུན་གྱི་སྐྱེད་ཀ་སྤྲོད་པའི་སྲིད་ཇུས་ལོངས་སུ་སྤྱད་ཆོག་པ་དང་། ལོ་དེར་གསར་བསྡུ་བྱས་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུའི་ཆ་རྐྱེན་དང་མཐུན་པའི་མི་སྣའི་གྲངས་འབོར་དེ་ཁེ་ལས་ཀྱི་ལས་གནས་སུ་ཡོད་པའི་ལས་བཟོ་བའི་མི་འབོར་གྱི15%ཡན་ཟིན་པ་མ་ཟད། དེ་དང་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའི་རིགས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ལས་གཏོད་ཁག་ཐེག་དངུལ་བུན་གྱི་སྐྱེད་ཀ་སྤྲོད་པའི་སྲིད་ཇུས་ལོངས་སྤྱོད་བྱས་ཆོག

ད་ལོར་བོད་ལྗོངས་ཀྱིས་ད་དུང་ཚོང་འགུགས་དངུལ་འདྲེན་བྱེད་སྟངས་གསར་གཏོད་བྱེད་པར་སྐུལ་ལྕག་བྱས་ཏེ། ཆེད་ལས་ཚོང་འགུགས་དང་ཚོང་འདུས་ཚོང་འགུགས། འགྲེམས་ཚོགས་ཚོང་འགུགས། དྲ་རྒྱའི་ཚོང་འགུགས། མངགས་བཅོལ་ཚོང་འགུགས་བཅས་དང་དེ་བཞིན་ཁ་གཏད་རོགས་སྐྱོར་གྱི་ཚོང་འགུགས་སོགས་རྒྱ་ཆེར་སྤེལ་རྒྱུ་ཡིན་པ་མ་ཟད། ད་དུང་བོད་སྐྱོར་མ་དངུལ་དམངས་འཚོ་འགན་ལེན་དང་། ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར། ལས་ཞུགས་ལ་སྐུལ་འདེད། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཐད་སྤྱོད་པར་སྐུལ་འདེད་གཏོང་བ།  དེ་དང་ཆབས་ཅིག་ཏུ་གྲོང་ཁྱེར(ས་ཁུལ)ཁག་དང་དེ་བཞིན་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་བཅའ་ཁྲིམས་ཁྲིམས་སྲོལ་དང་། རྒྱལ་ཁབ་སྲིད་ཇུས་ཀྱི་ཆོག་མཆན་ཐོབ་པ་དང་དབང་ཚད་ཁྱབ་ཁོངས་བཅས་ཀྱི་རྨང་གཞིའི་འོག་ཡུལ་བབ་དང་བསྟུན་ནས་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་བཟོ་རྒྱུར་སྐུལ་ལྕག་བྱ་རྒྱུ་མ་ཟད། ད་དུང་འབུར་ཐོན་བྱས་རྗེས་ཡོད་པའི་རིམ་པ་ཁག་གི་སྲིད་གཞུང་དང་ཁེ་ལས་ལ་བྱ་དགའ་ཡང་སྤྲོད་རྒྱུ་རེད། 

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་ཚོང་འགུགས་དངུལ་འདྲེན་སྒོར་དུང་ཕྱུར2535ལེགས་འགྲུབ་བྱུང་། ལྷག་པར་དུ2018ལོར་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཚོང་འགུགས་དངུལ་འདྲེན་གྱི་ཚོགས་ཆེན་ཐེངས་དང་པོ་བསྡུས་པ་ནས་བཟུང་། བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གིས་བོད་སྐྱོར་ལས་དོན་རུ་ཁག་དང་མཉམ་དུ་ཁེ་ལས་སྔར་བལས་མང་བོ“འཛམ་གླིང་ཡང་རྩེར”མ་འཇོག་ལས་གསྐྲུན་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྒུལ་ནུས་གསར་པ་དང་གསོན་ཤུགས་གསར་པ་བསྣན། 2020ལོར་བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར1902.74ཟིན་པ་དེ་ལོ་གོང་མ་ལས7.8%འཕར་སྣོན་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།