གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་བྱ་འགུལ་སྤེལ།

991c2750-277f-427b-88b2-2f7018cd0d42.jpg

འདི་ནི་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་རིག་གནས་ཐང་ཆེན་དུ་སྒྲོག་འགྲེལ་པས་པར་རིས་འགྲེམས་སྟོན་གྱི་ནང་དོན་ལ་ཟུང་འབྲེལ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྒྲོག་འགྲེལ་བྱེད་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཟུང་འབྲེལ་བྱས་ཏེ། བོད་ལྗོངས་གསར་རྙིང་གི་པར་རིས་ཞིབ་བསྡུར་གྱི་འགྲེམས་སྟོན་ཞིང་སྡེ་དང་། ལས་ཁུངས། སྡེ་ཁུལ། སློབ་གྲྭ། དགོན་སྡེ། ཁེ་ལས་བཅས་སུ་བསྐྱོད་པའི་བྱ་འགུལ་སྤེལ་བ་མ་ཟད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་མཁན་བཀོད་སྒྲིག་བྱས་ཏེ་ཡུལ་དངོས་སུ་མང་ཚོགས་ལ་རེ་རེ་བཞིན་གསལ་འགྲེལ་བྱས། པར་རིས་འགྲེམས་སྟོན་ལས་རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་མགོ་ཁྲིད་འོག  བོད་ལྗོངས་ཀྱི་བྱ་གཞག་སོ་སོ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེའི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།