ལྷོ་ཁ་གྲོང་ཁྱེར་གྱིས་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་གྱི་བྱ་འགུལ་སྤེལ།

ce2af0dc-4a44-4f16-bdfe-f835d2af9591.jpg

འདི་ནི་བྱ་འགུལ་སྤེལ་རྗེས་ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་མཉམ་པར་རྒྱག་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་གྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད་དེ་“སྔོན་གཤེགས་གསར་བརྗེའི་དཔའ་བོར་རྗེས་དྲན་དང་། ཏང་གི་ལོ་རྒྱུས་བསྐྱར་དྲན། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན”ཞེས་པ་བརྗོད་དོན་བྱ་འགུལ་སྤེལ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ཆབ་སྲིད་ཀྱི་ཚད་གཞི་སྔར་བས་མཐོ་བ། ཏང་གཤིས་ཀྱི་བླང་བྱ་སྔར་བས་ནན་མོ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་སྔར་བས་ཆེ་བའི”ཆེད་དོན་སློབ་གསོའི་བྱ་འགུལ་གཏིབ་ཟབ་སྒོས་སྤེལ་བར་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།