འདི་ནི་ལྷོ་བྲག་རྫོང་གི་དབང་བོ་སྐྱོན་ཅན་མང་ཚོགས་གསོ་སྦྱོང་ལྟེ་གནས་སུ་རྩལ་ནུས་གསོ་སྦྱོང་ལ་ཞུགས་པའི་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཚགས་འཛུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་མང་པོ་རྩལ་ནུས་གསོ་སྦྱོང་ནང་ཞུགས་ཏེ།ལས་ཞུགས་མངོན་འགྱུར་བྱུང་བ་དང་། དཔལ་འབྱོར་ཡོང་འབབ་འཕར་སྣོན་དང་དབུལ་ཐར་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད་ལ། དེས་དབུལ་ཕོངས་མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་བཏང་། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷོ་ཁ་གྲོང་ཁྱེར་གྱི་དབུལ་ཕོངས་ཁྱིམ་ཚང་གིས་རྩལ་ནུས་གསོ་སྦྱོང་བྱས་ཏེ་ལས་ཞུགས་མངོན་འགྱུར་བྱུང་བ།