ལྷ་ཉིང་མཐོ་རིམ་གཞུང་ལམ་གྱི་མཛེས་ལྗོངས།

139890852_16188239373731n.gif

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ལྷ་ཉིང་མཐོ་རིམ་གཞུང་ལམ2013ལོའི་ཟླ5པར་ལས་མགོ་ཚུགས་པ་དང2019ལོའི་ཟླ4པར་དངོས་སུ་ཤར་གཏོང་བྱས། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར380བཏང་བ་དང་ལམ་ཐིག་ཧྲིལ་བོའི་རིང་ཚད་ལ་སྤྱི་ལེ409.2ཡོད་ལ། དེ་ནི་བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བའི་མཚོན་རྟགས་རང་བཞིན་གྱི་ལས་གཞི་ཞིག་ཡིན་པ་མ་ཟད། བོད་ཤར་རྒྱུད་དང་དབུས་རྒྱུད་འབྲེལ་མཐུད་བྱེད་པའི་འཐབ་ཇུས་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན། 

ལྷ་ཉིང་མཐོ་རིམ་གཞུང་ལམ་བསྐྲུན་པ་དེས་ཉིང་ཁྲི་དང་ལྷ་ས་བར་གྱི་འགྲུལ་བཞུད་དུས་ཚོད་ཇེ་ཐུང་དུ་བཏང་བ་དང་། བོད་ལྗོངས་དེ་ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་ཚོམས་སུ་ཞུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ། ས་ཁོངས་ཀྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་མ་ལམ་མགྱོགས་མྱུར་ཤར་གཏོང་ཐུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་བ། མཐའ་མཚམས་སྐྱེལ་འདྲེན་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་ལ་གལ་ཆེའི་ནུས་པ་ཐོན་ཡོད། གཞན་ཡང་ལམ་རྒྱུད་ཀྱི་རིགས་སོ་སོའི་མང་ཚོགས་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ནུས་ལྡན་སྒོས་ཇེ་ལེགས་སུ་བཏང་བ་མ་ཟད། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད། ཡུལ་སྐོར་གསར་འབྱེད་བཅས་ཀྱི་ཐད་སྐུལ་འདེད་ཆེན་པོ་བཏང་ཡོད།   །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།