ཆབ་མདོ་གྲོང་ཁྱེར་གྱིས2021ལོའི“དཔྱིད་རླུང་བྱ་སྤྱོད”ཅེས་པའི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། “ངལ་ནུས་སྦྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་ནས་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རོགས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་2021ལོའི“དཔྱིད་རླུང་བྱ་སྤྱོད”ཅེས་པའི་མི་ཤུགས་ཐོན་ཁུངས་ཀྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཆབ་མདོ་གྲོང་ཁྱེར་ཇ་རྟ་ཐང་ཆེན་དུ་འཚོགས་པ་རེད། ཁྲེང་ཏུའི་ཁེ་ལས་14དང་དེ་བཞིན་ཆབ་མདོའི་ཁེ་ལས་26གིས་ལས་ཞུགས་ལས་གནས་2135མཁོ་འདོན་བྱས་པའི་ཁོངས་སུ་ཕྱིར་ཚོང་དང་། སློབ་གསོ་སློབ་ཁྲིད། ནོར་དོན། ཉོ་སྒྲུབ། མཁའ་འགྲུལ་ཞབས་འདེགས་སོགས་ཀྱི་ལས་གནས་ཚུད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལས་ཀ་འཚོལ་མཁན་ལ“གཅིག་གཏད་གཅིག”གི་ལས་འཚོལ་ལས་ཞུགས་ཀྱི་མཛུབ་ཁྲིད་བྱས་ནས་རྒྱ་ཆེའི་ལས་ཀ་འཚོལ་མཁན་ལ་འོས་ཤིང་འཚམ་ལ་བློ་ལ་བབས་པའི་ལས་ཞུགས་ལས་གནས་འདེམས་རོགས་བྱས་ཤིང་། ད་རེས་ཀྱི་ལས་བསྡུའི་འདུ་ཚོགས་འཚོགས་ཡུལ་གྱི་ཕྱི་ནང་གཉིས་སུ་རིམ་རྩིས་བྱས་ན་མི་1300ལྷག་ཙམ་ལ་སྲིད་ཇུས་ཀྱི་བློ་འདྲི་མཁོ་འདོན་བྱས་པ་དང་རིགས་ཁག་གི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་2500ལྷག་ཙམ་སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།