བོད་ལྗོངས་མངའ་རིས་ཀྱིས་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ།

W020210419341832448698.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་མངའ་རིས་ས་ཁུལ་ཏང་ཨུའི་ཁོངས་གཏོགས་ལས་ཁུངས་དང་། སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་གཏོགས་ལས་ཁུངས། ས་ཁུལ་གྱི་ཐད་གཏོགས་ལས་ཁུངས། སློབ་གྲྭ། ཁེ་ལས་སོགས་སྡེ་ཚན85ཡིས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱེ་འགོག་བྱེ་བཅོས་ལས་དོན་ལྟེ་གནས་སུ་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ། 

ཐེངས་འདིའི་འོས་འགན་སྡོང་འཛུགས་བྱ་འགུལ་ཉིན3རིང(ཟླ4པའི་ཚེས14ཉིན་ནས་ཚེས16ཉིན་བར)སྤེལ་བ་དང་། གཙོ་བོ་ཁོར་ཡུག་ལ་མཐུན་འཕྲོད་རང་བཞིན་ཆེ་བའི་རྒྱ་ལྕང་འདེབས་འཛུགས་བྱས་པ་དང་། སྔོན་དཔག་བྱས་པ་ལྟར་ན་འདེབས་འཛུགས་བྱས་པའི་སྐྱེ་དངོས་གསོན་ཚད85%ཡན་ལ་བསླེབ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།