ད་ལོའི་ནག་ཆུ་གྲོང་ཁྱེར་གྱི་ཞིང་ཆེན་ལས་བརྒལ་ཏེ་ལས་ཞུགས་བྱེད་པའི་རོང་འབྲོག་མང་ཚོགས་སྐོར་དང་པོ་ལམ་ལ་ཆས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ནག་ཆུ་གྲོང་ཁྱེར་གྱི2021ལོའི་སྐོར་དང་པོའི་རོང་འབྲོག་མང་ཚོགས་ས་གནས་ཀྱིས་ས་གནས་ལ་ཁ་གཏད་པའི་ཞིང་ཆེན་ལས་བརྒལ་བའི་ལས་ཞུགས་མགོ་རྩོམ་མཛད་སྒོ་བསྡུས་པ་དང་། ཐེམ་ཐོ་ནག་ཆུ་ཡིན་པའི་རོང་འབྲོག་པ153ཀྲེ་ཅང་དང་ཅང་སའོ་ས་གནས་གཉིས་ཀྱི་ཞིང་ཆེན་ལས་བརྒལ་བའི་ཞོར་ལས་ལ་ཞུགས་པར་ལམ་ལ་ཆས་ཤིང་། དེ་ནི་ད་ལོའི་ནག་ཆུ་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་ཞིང་ཆེན་བརྒལ་བའི་ཞོར་ལས་ལས་ཞུགས་སྐོར་དང་པོ་ཡིན།

རྒྱུས་ལོན་པ་ལྟར་ན། ནག་ཆུ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་རྫོང་། ཤང་། སྡེ་བ་བཅས་རིམ་པ་བཞི་ཡི་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་བྱ་བའི་སྐུལ་འདེད་ཚོགས་ཆུང་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས། རིམ་པ་བཞིན་བྱེད་ཐབས་ཞིབ་ཕྲ་བཟོས་པ་དང་། གྲོང་ཁྱེར་གོང་འོག་ཚང་མས་བློ་གཅིག་སེམས་གཅིག་གིས་ལས་ཞུགས་སྤོ་སྒྱུར་ལ་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་བྱ་བའི་རྣམ་པ་གྲུབ། དེ་དང་ཆབས་ཅིག རོང་འབྲོག་པའི་ནུས་རྩལ་འགྲན་བསྡུར་ཆེན་པོ་རྩ་འཛུགས་བྱས་ཏེ། “བསྐྱོད་པ་ལྔ་དང་སྐྱེལ་བ་གཅིག”གི་དྲིལ་སྒྲོག་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད། རོང་འབྲོག་པའི་ལས་ཞུགས་ལས་འདེམས་འདུ་ཤེས་སྒྱུར་བ་དང་། ལྗོངས་ཕྱི་ནང་གི་ལས་རིགས་ནུས་རྩལ་གསོ་སྦྱོང་དགེ་རྒན་གདན་དྲངས་ཏེ་གསོ་སྦྱོང་གི་ཚབ་ཏུ་ལས་སྒྲུབ་བྱེད་པ་དང་ལས་ཞུགས་སྔོན་གྱི་གསོ་སྦྱོང་སོགས་ཀྱི་རྣམ་པ་སྤྱད་དེ། གསོ་སྦྱོང་གི་སྤུས་ཚད་དང་གྲངས་ཚད། ཕན་འབྲས་བཅས་མཐོར་འདེགས་སུ་བཏང་ལ། རོང་འབྲོག་པའི་ངལ་རྩོལ་ནུས་ཤུགས་དེ་ལུས་སྟོབས་ཅན་ནས་ལག་རྩལ་ཅན་དང་རིག་ནུས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་བ་མ་ཟད། ལས་ཞུགས་སྤོ་སྒྱུར་ལས་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་བཏང་།

དེ་མིན་རོང་འབྲོག་མང་ཚོགས་ཕྱི་རོལ་དུ་འགྲོ་ཐུབ་པ་དང་ལས་ཞུགས་བྱེད་ཐུབ་པར་ཁག་ཐེག་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་དུས་ཐོག་ཏུ་ཕྱིར་བསྐྱོད་ཞོར་ལས་པའི་འཚོ་བ་དང་བྱ་བའི་ཁྲོད་ཀྱི་དཀའ་ཁག་སེལ་ཏེ། གཏན་ཁེལ་ལྟར་ཕྱིར་བསྐྱོད་ལས་ཞུགས་རོང་འབྲོག་མང་ཚོགས་ཀྱི་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་དང་ལས་འཚོལ་ཁ་གསབ་སོགས་རྩིས་སྤྲོད་བྱས་ཏེ། ལས་ཞུགས་བརྟན་བརླིང་དང་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ་རྩ་བ་ནས་མངོན་འགྱུར་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།