བོད་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་ཏེ“ཀྲུང་ཧྭའི་ཆུ་ལྕོག”བརྟན་སྲུང་བྱས།

src=http___inews.gtimg.com_newsapp_bt_0_13323270508_1000&refer=http___inews.gtimg.jpg

འདི་ནི་ཇོ་མོ་གླང་མའི་འདབས་ཀྱི“ཟླ་གམ་མཚོ་ཁུག”རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “འཛམ་གླིང་ཡང་རྩེའི”མཚན་སྙན་ཡོད་པའི་བོད་ལྗོངས་ཀྱིས་ཨེ་ཤེ་ཡའི་གཙང་བོ་དང་ཆུ་བོ་ཆེན་པོ10ལྷག་དང་མཚེའུ1500ལས་བརྒལ་བ་གསོ་སྐྱོང་བྱས་ཡོད་པས། དེར“ཨེ་ཤེ་ཡའི་ཆུ་ལྕོག”དང“ཀྲུང་ཧྭའི་ཆུ་ལྕོག”ཅེས་བརྗོད་ཀྱིན་ཡོད། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས“ཀྲུང་ཧྭའི་ཆུ་ལྕོག”བརྟན་སྲུང་བྱས་ཏེ“དྭངས་གསལ་གཙང་པོ་ཤར་ལ་འབབ་པར”འགན་ལེན་ཏན་ཏིག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།