བྲག་ཡིབ་ཆུས་མེ་ཏོག་རྫོང་གིས་ཏང་འཛུགས་སྐྱོང་དང་མཐའ་དར་ཟུང་འབྲེལ་གྱིས་གསར་བརྗེའི་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་ཤང7དང་གྲོང་རྡལ་1གྲོང་ཚོ་46ཡོད་པ་ལས་ཤང་4དང་གྲོང་རྡལ་1 གྲོང་ཚོ་32ནི་མཐའ་མཚམས་ཀྱི་གྲོང་ཚོ་ཡིན་པ་དང་། མེ་ཏོག་རྫོང་གིས་མཐའ་མཚམས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། “ཏང་འཛུགས་སྐྱོང་+མཐའ་མཚམས”ཀྱི་རྩ་དོན་དེར་དམ་པོར་དམིགས་ཏེ“གསར་བརྗེའི་ཐོན་ཁུངས”ཀྱི་རྒྱལ་གཅེས་མཐའ་སྲུང་གི་རིགས་པའི་གཞུང་ལུགས་གསར་པ་བཏོད་ནས་མཐའ་སྲུང་མཐའ་བརྟན་དང་། མཐའ་བརྟན་མཐའ་དར། མཐའ་ཕྱུག་མཐའ་སྟོབས་བཅས་ཀྱི་ཐད་ནུས་པ་ཆེན་པོ་བཏོན་པ་རེད།

“གསར་བརྗེའི་ཐོན་ཁུངས”ཀྱི་རྨང་གཞི་བརྟན་དུ་བཏང་སྟེ། མཐའ་སྲུང་མཐའ་དར་ལ་འགན་ལེན་བྱས་ཤིང་། “གསར་བརྗེའི་འཐབ་ས”བསྐྲུན་པ་རེད། ས་སྲུང་མཐའ་བརྟན་རྟེན་སར་བྱེད་པ་དང་། བྱེད་སྒོ་སྤེལ་ཡུལ་དང་། ཞིང་ཁྱིམ། ཞིང་ནང་དང་མུ་ཁ་སོགས་འཐབ་སར་བྱས་ཏེ། “རྒྱལ་དར་གཅིག་རྫོང་ཨུད་ནས་སྤྲོད་པ་དང་། རྒྱལ་དར་གཅིག་ཞིང་འབྲོག་མང་ཚོགས་རང་ཉིད་ཀྱིས་ཉོ་སྒྲུབ་བྱེད་པ། རྒྱལ་དར་གཉིས་ཤང(གྲོང་རྡལ)ཏང་ཨུད་ཀྱིས་ཞིང་འབྲོག་མང་ཚོགས་ལ་སྤྲོད་པ”བཅས་ཀྱི་ཐབས་ལམ་སྤྱད་ནས། མ་དངུལ་སྒོར་ཁྲི་7.4བཏང་སྟེ་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་རྒྱལ་དར་སྤྲད་ནས“ཁྱིམ་ཚང་ཚང་མར་རྒྱལ་དར་འགེལ་རྒྱུ་ཡོད་པ་དང་དུད་ཚང་ཚང་མ་ཏང་རྩ་འཛུགས་ལ་ཕྱོགས་པའི”རྒྱལ་གཅེས་ཀྱི་རྣམ་པ་ཟབ་མོ་བཏོད་པ་དང་། “གསར་བརྗེའི་ཏང་གི་སློབ་གྲྭ”ཡག་པོ་གཉེར་ཞིང་། རྒྱང་ཁྲིད་སློབ་གསོ་བརྒྱུད་ནས་དམག་དཔུང་དང་ས་གནས་མཉམ་སྐྲུན་ཟུང་འབྲེལ་བྱས་ཏེ་གསར་བརྗེའི་སློབ་གསོ་ཡག་པོ་སྤེལ་ཡོད། རིམ་རྩིས་བྱས་ན་ཁྱོན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཐེངས་50ལྷག་ཙམ་སྤེལ་བ་དང། མཐའ་སྲུང་མཐའ་བརྟན་གྱི་ཆེད་དོན་འཆད་ཁྲིད་ཐེངས་20ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་5000ལྷག་ཙམ་ཞུགས་ཡོད། “གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་ཡོང་རྒྱུ”མངོན་འགྱུར་བྱུང་ཞིང་། མེ་ཏོག་རྫོང་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། མཐའ་དར་མཐའ་ཕྱུག་དང་ཏང་འཛུཌ་སྐྱོང་གཉིས་ཟུང་འབྲེལ་གང་ལེགས་བྱས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་ཚོར་ཇ་ལོའི་ཐོན་ལས་དང་། སྔོ་ཚལ་འདེབས་འཛུགས། འཕྲུལ་ཆས་སྒྲིག་ཆས་ཉོ་བ་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད། དེ་གོང་མང་ཚོགས་ཕྱུག་རུང་གྲོང་ཚོ་དབུལ་བའི་སྣང་ཚུལ་ལ་འགྱུར་ལྡོག་བྱུང་ནས་དུད་ཚང་186གི་མི་གྲངས་660ཚང་མ་མཐའ་མཚམས་མིན་པའི་ས་ཁུལ་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྤོས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།