སྟག་རྩེ་བཟོ་ལས་གླིང་གི“ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་མཉམ་ལས་རྟེན་གཞིའི”རྣམ་གྲངས་ལ་མིང་རྟགས་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བཟོ་ལས་གླིང་དོ་དམ་ཨུ་ལྷན་དང་བོད་ལྗོངས་གཞུང་ཁོངས་རྒྱུ་ནོར་དོ་དམ་ཚད་ཡོད་ཀུང་སིས་སྟག་རྩེ་ཆུས་བཟོ་ལས་གླིང་གི“ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་མཉམ་ལས་རྟེན་གཞི”འཛུགས་སྐྲུན་གྱི་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་རྟེན་གཞིས་གཙོ་གནད་ཐོག“མ་རྩ་ཆུང་བ་དང་། ཟུར་སྣོན་རིན་ཐང་ཆེ་བ། ལག་རྩལ་འདུས་ཚད་མཐོ་བ། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། བྱེད་སྟངས་གསར་པ”བཅས་ལ་དམིགས་ཏེ་རྒྱལ་ཁབ་དང་། བོད་རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་བཅས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་གཏན་འཁེལ་གནང་བའི་སྐུལ་ལྕག་རིགས་ཀྱི་ལས་རིགས་ནང་འདྲེན་བྱས་ནས་ལྗང་མདོག་སྒུལ་ནུས་གསར་པའི་ཐོན་ལས་མ་ལག་གཏོད་པ་དང་། ཁུལ་ཁོངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཐོན་ལས་མཉམ་ལས་ཀྱི་བགྲོད་ལམ་བཏོད་ནས། རྒྱལ་ནང་དང་རྒྱལ་སྤྱིའི“འཁོར་རྒྱུག་གཉིས”མངོན་འགྱུར་ཐུབ་ཆེད་སྟག་རྩེ་ཆུས་ཀྱིས་རང་ནུས་ཡོད་རྒུ་འདོན་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།