དཔྱིད་དུས་ཀྱི་ཞིང་ཁའི་གཡོག་བྱེད་ལ་དམ་འཛིན་བྱས་ནས་ལོ་ཧྲིལ་པོར་ལོ་ལེགས་ཡོང་བ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར་ཆབ་མདོ་གྲོང་ཁྱེར་གྱིས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་རྒྱ་མ་ཁྲི་100དང་རྫས་ལུད་ཏུན་2737སྐྱེལ་གཏོང་བྱས་ཟིན། ཆབ་མདོ་གྲོང་ཁྱེར་གྱི་དཔྱིད་རྨོས་དཔྱིད་འདེབས་ལས་དོན་ཟླ་3ཚེས་10ཉིན་ནས་རིམ་གྱིས་འགོ་བཙུགས་པ་དང་ཟླ་5པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་རེད།

ཞིང་ལས་ཀྱི་དུས་ཚོད་འཐུས་ཤོར་མི་འགྲོ་བ་བྱས་ཏེ་དཔྱིད་དུས་ཀྱི་ཞིང་ཁའི་གཡོག་བྱེད་དང་དཔྱིད་རྨོས་དཔྱིད་གྲབས་ཀྱི་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་ནས་འདི་ལོའི་དཔྱིད་རྨོས་དཔྱིད་འདེབས་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱ་ཆེད། དཔྱིད་ཀ་ཤར་ཚུན། ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་འདེབས་ཁྱོན་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱས་ཤིང་། 2021ལོར་གྲོང་ཁྱེར་ཡོངས་ཀྱིས་འཆར་གཞི་བྱས་ན་ཞིང་ལས་སྐྱེ་དངོས་ཀྱི་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་74.22ཟིན་པ་དང་། ཞིང་ལས་སྐྱེ་དངོས་སོན་བཟང་ཁྱབ་གདལ་གཏོང་ཚད་མུའུ་ཁྲི་56.63ཟིན་པ། སོན་བཟང་རྒྱུད་སྤེལ་རྟེན་གཞི་མུའུ་ཁྲི་4ཟིན་པ་བཅས་བྱ་རྒྱུ་རེད།

དེ་དང་ཆབས་ཅིག ཆུ་ཡུར་ཉམས་བཟོ་དང་། འདམ་རྫབ་གཙང་སེལ། ཁྱིམ་ལུད་གསོག་པ། ཐོན་འབབ་དམའ་འབྲིང་གི་ཞིང་ཁ་སྒྱུར་བཀོད། ཞིང་འཕྲུལ་བཟོ་བཅོས་སོགས་ཀྱི་དུས་གོང་གྲ་སྒྲིག་ལས་དོན་ཧུར་ཐག་སྤེལ་ཞིང་། མིག་སྔའི་བར་རྫོང(ཆུས)བཅུ་གཅིག་གིས་རིམ་རྩིས་བྱས་ན་ཆུ་ཡུར་754ཉམས་བཟོ་དང་གཙང་སེལ་བྱས་པ་དང་། ཁྱིམ་ལུད་ཏུན་33.21བསགས་པ། ཐོན་འབབ་དམའ་འབྲིང་གི་ཞིང་ཁ་མུའུ་ཁྲི་6.77སྒྱུར་བཀོད་བྱས་པ། ཞིང་འཕྲུལ་སྣ་ཚོགས་3625བཟོ་བཅོས་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།