གྲ་ནང་རྫོང་གྲ་ཕྱི་ཤང་གི་ཏང་ཡོན་དང་ལས་བྱེད་པའི་དང་བླངས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཞབས་འདེགས་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་གིས་ཏང་ཡོན་དང་ལས་བྱེད་པའི་དང་བླངས་ཞབས་ཞུ་བ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ(གྲོང་ལྷན)ཁག་ཏུ་བསྐྱོད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་ཁྲིད་སྟོན་ལས་དོན་སྤེལ་བ་རེད།

ད་ཐེངས་ཀྱི་དང་བླངས་བྱེད་སྒོའི་ཁྲོད་དང་བླངས་པས་ཏང་ཡོན་དང་ལས་བྱེད་པའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་སྡོད་ལས་དོན་རུ་ཁག་གི་ལས་དོན་ལ་གཞོགས་འདེགས་ཀྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་སྦྱར་ཡིག་དང་གསལ་བརྡ་སྦྱར་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལྟ་སྐུལ་ཚོད་འཛིན་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་བྱེད་སྒོ་སྤེལ་ཡུལ་གྱི་དུག་སེལ་ལས་དོན་ཡག་པོ་སྤེལ་བ་དང་འབྲེལ་མང་ཚོགས་ལ་ཁ་རས་སྤྲད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་དགོས་ངེས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ། མང་ཚོགས་ཀྱི་འགོག་སྲུང་འདུ་ཤེས་ཟབ་ཏུ་བཏང་བ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།