ཁྲེང་ཀོན་ཆུས་ཀྱིས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱ་འགུལ་སྤེལ།

b2a729db-5de1-4f93-a551-fc32b45c1e5e.jpg

འདི་ནི་སྨན་དོན་མི་སྣས་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པའི་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས2021ལོའི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱ་འགུལ་ཏེ“གཞི་རིམ་དུ་བསྐྱོད་པ་ལྔ་དང་སྡེ་ཁུལ་དུ་བསྐྱོད་པ་བཞི”དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་གཅིག་བསྡུས་དྲིལ་བསྒྲགས་ཞབས་ཞུའི་བྱ་འགུལ་དོག་སྡེ་སྲང་ལམ་དུ་སྤེལ་བ་རེད། བྱ་འགུལ་ཡུལ་དངོས་སུ་འབྲེལ་ཡོད་ལས་ཁུངས་ཀྱིས་སྲིད་ཇུས་དྲིལ་བསྒྲགས་དང་། རིག་རྩལ་འཁྲབ་སྟོན། རིན་མེད་འོས་འགན་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།