ཉིང་ཁྲིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ནས་མི་དམངས་ལ་འགོག་སྲུང་འཛིང་རགས་བསྐྲུན་པ།

ce7d3ec4-56d7-483f-9372-8839892a2849.jpg

འདི་ནི་ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་ལག་དེབ་འགྲེམ་གཏོང་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཡིན་ལ། མང་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བདེ་འཇགས་ཉེན་ཁ་འགོག་སྲུང་བྱེད་པའི་ནུས་པ་ཇེ་མཐོར་བཏང་སྟེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་ལེགས་པོ་བསྐྲུན་ཆེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་གཞི་རིམ་གྱི་ལས་ཁུངས་ཁག་སྒྲིག་འཛུགས་བྱས་ནས“ཁྱིམ་དུད་དུ་བསྐྱོད་པ་དང་། སློབ་གྲྭར་བསྐྱོད་པ། ཞིང་ཁར་བསྐྱོད་པ”སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། བརྗོད་གཞི་མངོན་གསལ་ཡིན་པའི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།