ལོ་ངོ་དྲུག་ཅུ་ཡི་ལོ་རྒྱུས་ལྡན་པའི“ཐོག་ཁང་དམར་པོའི”སྙིང་སྟོབས་ནམ་ཡང་རྒྱུན་འཛིན་བྱེད་པ།

—— ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོའི་སྐོར་བཀོད་པ།

d25d1626-0664-4548-b652-5e825c422a26.jpg

འདི་ནི་སྔོ་ལྗང་གིས་བརྒྱན་པའི་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོའི་ཕྱིའི་རྣམ་པ་ཡིན་པ།

སྤོ་བོ་རྫོང་མི་དམངས་སྲིད་གཞུང་ལས་ཁུངས་ཀྱི་སྒོ་རའི་ནང་སྒོ་ལྷོ་ཕྱོགས་སུ་གཏད་པའི་གནའ་ཉམས་ལྡན་ལ་བཀོད་མཛེས་ཡིད་འོང་གི་ཐོག་སོ་ཉིས་ལྡན་གྱི་སུའུ་ལན་དབྱིབས་ཀྱི་ཤིང་གི་ཐོག་ཁང་དམར་པོ་ཞིག་ཡོད་པ་དེ་ནི་ལོ་ངོ་60ལྷག་ཙམ་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་དུ་འགྱིང་ངེར་གནས་པའི་ཐོག་ཁང་དམར་པོ་དེ་ཡིན་པ་རེད།

ཐོག་ཁང་དམར་པོ་དེ་1953ལོར་བསྐྲུན་པ་དང་མ་གཞི་བྱས་ན་སྟར་པ་གསུམ་ཡོད་པ་དང་དུས་ཚོད་གང་འཚམས་ཕྱིན་པ་ལས་ཤར་ནུབ་ཏུ་ཡོད་པའི་སྟར་པ་གཉིས་པོ་དེ་བཤིག་ཟིན་པ་དང་སྟར་པ་ཆེ་ཤོས་དེ་ཉར་ཚགས་བྱས་ཡོད། ཐོག་ཁང་མདུན་གྱི་སྤང་སྟེང་གི་རྡོ་རིང་དེ་ནི་2013ལོའི་ཟླ་3པར་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱེད་སྐབས་སྤོ་བོ་རྫོང་མི་དམངས་སྲིད་གཞུང་གིས་བཙུགས་པ་ཞིག་རེད། 

བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད།

1951ལོའི་ཟླ་8པར། ཀྲུང་གུང་སྤོ་བོ་རྫོང་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་སྤོ་བོ་རྫོང་དུ་བཅའ་སྡོད་བྱས་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཧུར་ཐག་སྤེལ་བ་དང“གྲོས་མཐུན་དོན་ཚན་བཅུ་བདུན”དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་བྱས་པ་དང་སྦྲགས་སྤོ་བོའི་ལས་རིགས་ཁག་གི་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོགས་ནས་ཆབ་མདོ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་སྤོ་བོ་རྫོང་དོན་གཅོད་ཁྲུའུ་གཉིས་པ་བཙུགས་པ་དང་ཆབས་ཅིག་ས་སྦོལ་ཐོན་སྐྱེད་དང་། ལམ་བཟོས་སྐྱེལ་འདྲེན། དམངས་འཚོ་ལེགས་གཏོང་བཅས་བྱས་ཏེ་སྤོ་བོ་རྫོང་དུ་འཕེལ་རྒྱས་ཀྱི་དཔྱིད་ཀ་བསུས་ཡོད།

1953ལོར་ཁམས་བོད་གཞུང་ལམ་དོ་དམ་ཅུས་ལས་ཁུལ་བཞི་པ་ཁྲབ་རྨོག(དེང་གི་སྤོ་བོ)ཏུ་བཅའ་སྡོད་བྱས་ནས་གཞུང་ལས་དང་དེ་བཞིན་སྡོད་གནས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ས་ཆ་དེ་རང་གི་རྒྱུ་ཆ་སྤྱད་ནས་ཤིང་གི“ཐོག་ཁང་དམར་པོ”སྟར་པ་གསུམ་བསྐྲུན་པ་རེད།

1955ལོར་ཀྲུང་གུང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་བཙུགས་པ་དང་ལོ་གཉིས་པ་དེར་ཀྲུང་གུང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་དང་དེ་བཞིན་ཆབ་མདོ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་སྤོ་བོ་རྫོང་དོན་གཅོད་ཁྲུའུ་གཉིས་པ“ཐོག་ཁང་དམར་པོའི”གཞུང་ལས་དང་སྡོད་གནས་ཁུལ་དུ་སྤོས་པ་རེད།

1959ལོའི་ཟླ་1ཚེས་3ཉིན་དྲག་པོའི་ངོ་ལོག་ཟིང་འཁྲུག་ཤོག་ཁག་གིས་མི་3000ལྷག་ཙམ་རུབ་རུབ་བཟོས་ཏེ་ཁྲབ་རྨོག་མཐའ་བསྐོར་ནས་དམག་དྲངས་པ་རེད། ཟླ་1ཚེས་4ཉིན་ཁྲབ་རྨོག་སྲུང་སྐྱོབ་དམག་འཁྲུག་ལངས་པ་དང་ཐོག་ཁང་དམར་པོ་འདི་ཉིད་དམག་འཁྲུག་དེའི་ཁྲོད་ཀྱི་བཀོད་འདོམས་ལྟེ་གནས་སུ་གྱུར་ཡོད། ཀྲུང་གུང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་དང་ཆབ་མདོ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་སྤོ་བོ་དོན་གཅོད་ཁྲུའུ་གཉིས་པའི་ཁོངས་མི་ཡོངས་ཀྱིས་དམག་ཤུགས་ཀྱི་ཧེ་བག་ཆེ་བའི་གནས་བབ་འོག་དཔུང་རོགས་དམག་དཔུང་མ་སླེབས་བར་ཉིན་མཚན་བཅུ་འཐབ་རྩོད་བྱས་ནས་ཁྲབ་རྨོག་སྲུང་སྐྱོང་དམག་འཐབ་ཀྱི་རྒྱལ་ཁ་བླངས་པ་རེད།

དེ་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་སྦྲགས་བོད་ལྗོངས་མི་དམངས་ལ་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུར་འགོ་ཁྲིད་བྱས་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སྤོ་བོ་རྫོང་གིས་རིམ་ཁག་ཏང་རྩ་འཛུགས་དང་སྲིད་དབང་རྩ་འཛུགས་བཙུགས་པས་བྱ་གཞག་ཁག་འགོ་འཛུགས་ས་གསར་རྐྱང་ཐོག་སླེབས་པ་དང་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་དེ་བས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་དཔལ་འབྱོར་དང་། ཐོན་ལས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། སློབ་གསོ་འཕྲོད་བསྟེན་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད།

སྐས་ཀའི་མདུན་དུ་མཐོ་ཚད་མིའི་གཟུགས་ཕྱེད་ཙམ་ལས་མེད་པའི་སྒོ་ཞིག་ཡོད་པ་དང་སྒོའི་ནང་ངོས་ནི་གུ་དོག་པའི་ས་འོག་བགྲོད་ལམ་ཞིག་རེད། སྐས་ཀ་ནས་ཡར་འཛེགས་ཚེ་གཡས་ངོས་ཀྱི་ཁང་པ་སྦུག་ཤོས་ནི་ཁྲབ་རྨོག་སྲུང་སྐྱོབ་དམག་འཐབ་ཀྱི་འགྲེམས་ཁང་ཡིན་ཞིང་། རང་སོར་བཞག་པའི་གྱང་ངོས་དང་། མངོན་སུམ་ལྟར་གྱི་སྣང་བརྙན། དེ་བཞིན་དམག་འཐབ་ཁྲོད་རག་པའི་ལྔ་བརྒྱད་དབྱིབས་ཀྱི་གནམ་བླུགས་མེ་སྒྱོགས་ཀྱི་འདྲ་བཟོ་བཅས་ལས་ལྟད་མོ་བར་ཐོག་ཁང་དམར་པོའི་ལོ་རྒྱུས་ཐོག་གི་རྣམ་པར་བཀྲ་ཤོས་ཀྱི་ལོ་རྒྱུས་དང་དེའི་རྒྱབ་ལྗོངས་མངོན་པར་བྱས་ཡོད།

ལོ་དེར་ངོ་ལོག་དམག་གིས་བསྡུ་རུབ་བྱས་པའི་གསང་འཕྲིན་གལ་ཆེན་དག་དབང་མོ་ཞེས་པའི་བཙུན་མ་ཞིག་གིས་དུས་ཐོག་ཏུ་སྐྱེལ་བ་དང་། ང་ཚོ་དང་དགྲ་བོའི་དབར་དམག་ཤུགས་ཀྱི་ཧེ་བག་ཆེན་པོ་ཡོད་པའི་གནས་བབ་འོག་བཀོད་འདོམས་པའི་བློ་གྲོས་དང་འཐབ་འཛིང་པའི་དཔའ་ངར་ལ་བརྟེན་ནས་འཐབ་འཛིང་ཉིན་བཅུ་བྱས་རྗེས་གཞི་ནས་རོགས་སྐྱོར་དམག་འབྱོར་ཡོད། ངོ་ལོག་དམག་གིས་རྫོང་ཨུད་ཀྱི་སྒོ་ར་ཆེན་པོ་བཟུང་ཟིན་པའི་དཀྲོག་གཏམ་བསྒྲགས་སྐབས་དཔའ་ངར་ཆེ་བའི་གྲོང་མི་ཞིག་གིས་གྱང་མཐོ་པོ་འཛེགས་ནས་རྫོང་ཨུད་ཀྱི་སྒོ་ར་ཆེན་པོའི་ནང་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་མཐོང་བས་ཉེ་འཁོར་གྱི་མང་ཚོགས་ཚོར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བར་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་སྦྱིན་ཡོད་ལ། བོད་རྒྱ་མི་རིགས་གཅིག་སེམས་གཅིག་འབྲེལ་དང་། དམག་དམངས་མཐུན་སྒྲིལ། དུས་ཀྱི་འཁོར་ཕྱོགས་བཅས་ལས་ཁྲབ་རྨོག་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་གསར་བརྗེའི་གྲུབ་འབྲས་ཉམས་མེད་སྲུང་སྐྱོང་ཐུབ་ཡོད།

དུས་ཚོད་ནི་ཆུ་མོ་བཞིན་དུ་རྒྱུགས་འགྲོ་བཞིན་ཡོད། ད་ཆའི་སྤོ་བོ་ནི་སྐབས་དེ་དུས་ཀྱི་ས་གཤིས་ཞན་པའི་གྲོག་རོང་ཞིག་མིན་ལ། “ཐོག་ཁང་དམར་པོ”དེའང་སྤོ་བོ་རྫོང་གྲོང་གི་མངོན་གསལ་དོད་ཤོས་ཀྱི་བསྐྲུན་དངོས་མིན་ནའང་དེའི་ཁྲོད་ཀྱི་དཔའ་བོའི་བྱས་རྗེས་དང་སྙིང་སྟོབས་དག་ལོ་རྒྱུས་ཡུན་རིང་སོང་ཡང་དེ་བས་གསོན་ཤུགས་འཕེལ་ནས་དུས་རབས་གསར་པའི་མི་རྣམས་མུ་མཐུད་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བཞིན་མཆིས།

2018ལོ་ནས་བཟུང“ཐོག་ཁང་དམར་པོའི”ལོ་རྒྱུས་ལ་དམིགས་ཏེ་སྤོ་བོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྔོག་འདོན་དང་། ལེགས་སྒྲིག འགྲེམས་སྟོན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བ་མ་ཟད། “ཐོག་ཁང་དམར་པོའི་སྙིང་སྟོབས”དེ“ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པ། རང་སྟོབས་རང་སྤེལ། དཀའ་ངལ་ལ་མི་སྐྲག་པ། ཁ་ཕྲལ་ལ་ངོ་རྒོལ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང”བཅས་སུ་ཞུན་བརྡར་ཡང་བྱེད་བཞིན་ཡོད། 2018ལོའི་ཟླ་11པར“ཐོག་ཁང་དམར་པོའི”རྟེན་གཞི་བཞི་སྟེ“སྤོ་བོ་རྫོང་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་དང་། ཉིང་ཁྲི་གྲོང་ཁྱེར་རྒྱལ་གཅེས་རིང་ལུགས(མི་རིགས་མཐུན་སྒྲིལ)སློབ་གསོའི་རྟེན་གཞི། བོད་རང་སྐྱོང་ལྗོངས་རྒྱལ་སྲུང་སློབ་གསོའི་རྟེན་གཞི། སྤོ་བོའི་ལས་བྱེད་སློབ་གསོའི་ས་གནས་ས་ཐོག་གི་སློབ་ཁྲིད་རྟེན་གཞི”བཅས་ཀྱི་སྒོ་བྱང་བཀལ་ཡོད།

“ཐོག་ཁང་དམར་པོའི་སྙིང་སྟོབས”ལོ་རྒྱུས་དེབ་ཐེར་ཐོག་ཇི་སྲིད་བར་གནས་སྲིད་ལ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ཀྱང་ཇི་སྲིད་བར་དུ་ཉམས་མི་སྲིད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།