ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ཚུན་ལྷོ་ཁ་གྲོང་ཁྱེར་གྱིས་དཔྱད་ཞིབ་ཚོགས་ཆུང་7བཙུགས་ནས་རྫོང(ཆུས)12དང་གྲོང་ཁྱེར་གྱི་ཐད་གཏོགས་ཚན་པ་63ལ་བསྐྱོད་དེ་དམངས་གཙོའི་དཔྱད་མོལ་གདེང་འཇོག་དང་། ཕྱོགས་བསྡུས་ལས་འགན་བསྒྲུབས་ཚུལ་སྙན་སེང་། མི་འགའ་ཤས་དང་གླེང་མོལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། གྲོང་ཁྱེར་དོ་དམ་འགོ་ཁྲིད་ཚན་ཁག་111གི་རྫོང་རིམ་པའི་ལས་བྱེད་པ་དང་ཤང(གྲོང་རྡལ)ཏང་སྲིད་ཀྱི་འགོ་ཁྲིད་རྒན་པ་860ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་པ་རེད།
དཔྱད་ཞིབ་ཕན་འབྲས་ཐོན་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་དཔྱད་ཞིབ་ཀྱི་ནང་དོན་བཀོད་སྒྲིག་གནད་ལ་འཁེལ་པོ་བྱས་ཏེ་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་བཞག་ནས་གྲོང་ཁྱེར་དོ་དམ་འགོ་ཁྲིད་ཚན་ཁག་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྐོར་ལག་བསྟར་དོན་འཁྱོལ་གནས་ཚུལ་དང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་དེ་བཞིན་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་གནས་ཚུལ་བཅས་ལ་དཔྱད་ཞིབ་བྱ་རྒྱུ་མངོན་གསལ་དོད་པོར་བཞག་ནས་རྩིས་བཤེར་གྱི་གནད་དོན་དག་ཐེར་བྱས་ཚུལ་ལ་སྐོར་གཟིགས་སྐོར་ཞིབ་བྱས་པ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་ཤང(གྲོང་རྡལ)ཏང་སྲིད་ཀྱི་འགོ་ཁྲིད་རྒན་པར་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འཐབ་ས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་ཀྱི་ལས་ཀའི་ཕན་འབྲས་ལ་གཙོ་གནད་ཐོག་དཔྱད་ཞིབ་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷོ་ཁ་གྲོང་ཁྱེར་གྱིས་ལས་བྱེད་པ971ལ་དཔྱད་ཞིབ་བྱས་པ།