བོད་སྐྱོར་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ། རྒྱང་སྐྱོད་ལམ་གསར་དུ་འབད་བརྩོན་ལྷོད་མེད་བྱེད།

—— གུང་གཞོན་སྡེ་ཚོགས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་ཐེངས་གཉིས་པ་བྱས་པའི་དངོས་བྲིས།

2018ལོར་གུང་གཞོན་སྡེ་ཚོགས་ཀྱི་རེས་སྐོར་གཉིས་པའི་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ཚུན། སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཐུགས་ཁུར་དང་མཛུབ་ཁྲིད་འོག་ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར་17ཡི་སྡེ་ཚོགས་ཨུ་ལྷན་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དངུལ་རྩ་ལས་དོན་ཨུ་ལྷན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཁེ་ལས་ལས་དོན་ཨུ་ལྷན་བཅས་ཀྱི་རོགས་སྐྱོར་དང་རྒྱབ་སྐྱོར་འོག་བོད་ལྗོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་གཞོན་ནུ་ལོ་ཆུང་གི་སྤེལ་རེས་བྱ་སྤྱོད་དང་། གཞོན་ནུ་ལོ་ཆུང་གི་སློབ་སྐྱོར་བྱ་སྤྱོད། གཞོན་ནུ་ལོ་ཆུང་གི་ལས་ཞུགས་ལས་གཏོད་ཀྱི་བྱ་སྤྱོད། གུང་གཞོན་སྡེ་ཚོགས་ཀྱི་རྩ་སྲ་རྨང་བརྟན་གྱི་འདུ་འགོད་བཅས་ཀྱི་ཁྱབ་ཁོངས་བཞི་ལ་དམིགས་ནས། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་བས། རིམ་ཁག་གུང་གཞོན་སྡེ་ཚོགས་དང་གཞོན་ནུ་ལོ་ཆུང་གི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

གཞོན་ནུ་ལོ་ཆུང་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་ཤུགས་སྣོན་བརྒྱབ་པ།

2020ལོའི་ཟླ་11པའི་ཟླ་མཇུག་ཏུ། བོད་ནས་ཡོང་བའི་ཕུལ་བྱུང་གི་ལོ་ཆུང་གདོང་ལེན་རུ་མི་24མཚོ་གླིང་དུ་ཐེངས་དང་པོར་བསྐྱོད། ཧའེ་ནན་དུ་སླེབས་རྗེས་ཧའེ་ནན་གྱི་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མི་དང་ལག་གདང་སྦྲེལ་ནས“ཧའེ་ནན་དང་བོད་ཀྱི་གཞོན་ནུ་ལོ་ཆུང་ལག་གདང་སྦྲེལ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་རི་མོ་འབྲི་བའི་བྱེད་སྒོ་སྤེལ་བ་དང་སྦྲགས་ཧའེ་ཁའུ་གྲོང་ཁྱེར་པིན་ཧའེ་སློབ་ཆུང་དགུ་པ་དང་། ཡེ་ཐེན་གནའ་གྲོང་། ཧའེ་ཁའུ་གྲོང་ཁྱེར་གྱི་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་ལྟ་སྐོར་ལ་བསྐྱོད་པ་རེད།

བྱེད་སྒོ་འདི་ལྟ་བུ་ནི་གུང་གཞོན་སྡེ་ཚོགས་ཀྱིས་བོད་ཀྱི་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་དང་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་བསྡུས་རིས་ཙམ་ཞིག་རེད། ལོ་གསུམ་གྱི་རིང་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྡེ་ཚོགས་ཨུ་ལྷན་གྱི་རོགས་རམ་འོག་རང་ལྗོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་ཀྱིས་ཁྱོན་གཞོན་ནུ་ལོ་ཆུང་མི་ཐེངས་2500ལྷག་ཙམ་སྒྲིག་འཛུགས་བྱས་ནས“མི་རིགས་མཐུན་སྒྲིལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད—གཞོན་ནུ་ལོ་ཆུང་ཁྲི་ཡི་སྤེལ་རེས་འཆར་གཞི”ཡི་ནང་ཞུགས་པ་དང་། གཞོན་ནུ་ལོ་ཆུང་2000ལྷག་ཙམ་སྒྲིག་འཛུགས་བྱས་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་དབྱར་སྒར་དང་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལག་གདང་སྦྲེལ་བའི་བྱེད་སྒོའི་ནང་ཞུགས་པ་རེད།

བྱེད་ཐབས་སྣ་མང་སྤྱད་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཁེ་ལས་ལས་དོན་ཨུ་ལྷན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཏང་དངུལ་བཏང་ནས་བོད་ཀྱི་སློབ་མ་དབུལ་པོར་ཆེད་མངགས་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་ཆེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས་རེ་ཞུའི་ལས་དོན་སྒྲིག་འཛུགས་ནན་ཏན་བྱེད་པ་དང་། རིམ་པ་བཞིན་རེ་ཞུ་བྱེད་པའི་རྨང་གཞིའི་ཐོག་ཞིབ་བཤེར་ནན་ཏན་བྱས་ཏེ། སློབ་མ་དབུལ་པོའི་སློབ་གཉེར་འདུན་པ་ཡོངས་སུ་སྐོང་ཐུབ་པར་བྱས་པ་རེད།

2018ལོ་ནས་2020ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཏང་དངུལ་བཏང་ནས་་ཆེད་མངགས་བོད་ནས་ཡིན་པའི་སློབ་མ་དབུལ་པོར་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་སློབ་མ་དབུལ་པོ་1800ཡི་སློབ་གཉེར་གྱི་འདུན་པ་དང་སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར་ལ་མ་དངུལ་སྒོར་ཁྲི་900བཏང་ཡོད། ལོ་3གྱི་རིང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས“ཀྲུང་དབྱང་ཁེ་ལས་ཀྱི་ཏང་དངུལ་ཆེད་དོན་རོགས་སྐྱོར”དང“རེ་བའི་འདུ་འགོད་ཀྱི་ཕུགས་འདུན་འགྲུབ་པའི་བྱ་སྤྱོད”སོགས་ཀྱི་གཅེས་སེམས་ཐེབས་རྩའི་རྣམ་གྲངས་100ལྷག་ཙམ་སྤེལ་བ་དང་། མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་ནས་སློབ་ཆེན་སློབ་མ་དབུལ་པོ་ཁྲི་ཡན་ལ་རོགས་རམ་བྱས་པ་རེད།

སློབ་གསོའི་དབུལ་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་བོད་ལྗོངས་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ཁ་གཏད་རོགས་སྐྱོར་རྨང་གཞིའི་ཐོག་གཞོན་ནུའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་རེད། ཞིང་འབྲོག་པའི་ན་གཞོན་2000ལྷག་ཙམ་སྒྲིག་འཛུགས་བྱས་ནས་རིགས་ཁག་གི་དངོས་སྤྱོད་རྩལ་ནུས་དང་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་གྱི་རྩལ་ནུས་གསོ་སྦྱོང་བྱས་པ་དང་། ཞིང་འབྲོག་པའི་ན་གཞོན་800ལྷག་ཙམ་ལ་ལས་ཞུགས་གཞན་སྒྱུར་བྱེད་རོགས་བྱས་པ་རེད། ན་གཞོན་ལས་གཏོད་ཀྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་དང་། ན་གཞོན་ཤེས་ལྡན་པ་རྩེ་གྲའི་གསོ་སྦྱོང་རྣམ་གྲངས་སོགས་དུས་ཐེངས་60ལྷག་ཙམ་གྱི་གསོ་སྦྱོང་བྱས་པར་མི་གྲངས་3000ལྷག་ཙམ་ཟིན་ཡོད་པ་རེད། “སློབ་གྲྭ་སྟོང་དང་ལས་གནས་ཁྲི”ཡི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ། ལས་གནས་ཀྱི་ཆ་འཕྲིན་342བསྐུར་ནས་ལས་གནས་2000ལྷག་ཙམ་འོས་སྦྱོར་བྱས་པ་རེད།

རྨང་གཞི་བརྟན་དུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ལོ་གསུམ་གྱི་རིང་རང་ལྗོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ནས། ཁྱོན་རྩ་སྲ་རྨང་བརྟན་གྱི་རྣམ་གྲངས་67དོན་འཁྱོལ་བྱས་པ་དང་། མ་དངུལ་སྒོར་ཁྲི་1237བཏང་ཡོད། སྡེ་ཚོགས་རྩ་འཛུགས་ཚད་ལྡན་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྡེ། བོད་རྒྱ་སྐད་ཡིག་གཉིས་ཀྱི་སྡེ་ཚོགས་ཁོངས་མིའི་ལག་ཁྱེར་དང་། སྡེ་ཚོགས་རེ་འདུན་ཞུ་ཡིག སྡེ་ཚོགས་ཁོངས་མིའི་ཡིག་ཚགས་ཁུག་མ་བཅས་ཁྲི་2ཙམ་བཟོས་པ་དང་། “གསར་པ་གཉིས”ཀྱི་སྡེ་ཚོགས་རྩ་འཛུགས་344བཙུགས་ནས་ན་གཞོན་ལས་དོན་ཨུ་ལྷན་136འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་སྦྲགས་སྡེ་ཚོགས་འཛུགས་སྐྱོང་གི་སློབ་སྟོན་པ་མངགས་པ་དང་། “ན་གཞོན་ཁྱིམ་གཞིས”261བཙུགས་པ། སྡེ་ཚོགས་ཀྱི་ལས་བྱེད་པ་མི་ཐེངས་1600ལྷག་ཙམ་གསོ་སྦྱོང་བཅས་བྱས་ནས་རང་ལྗོངས་ཀྱི་གཞི་རིམ་སྡེ་ཚོགས་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་སྡེ་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་གི་ནུས་པ་ཉིན་བཞིན་མངོན་གསལ་དོད་པོས་འདོན་སྤེལ་ཐུབ་པ། སྡེ་ཚོགས་ཀྱི་ཁོངས་མིའི་སྔོན་ཐོན་རང་བཞིན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད།

འདི་ལོའི་དུས་ཚིགས་དང་པོར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས《སྡེ་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་བོད་ཀྱི་གཞོན་ནུ་ལོ་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཏོན་ནས། གུང་གཞོན་སྡེ་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་ཐེངས་གསུམ་པའི་ལས་དོན་གྱི་ཚོགས་འདུ་འཚོགས་པ་རེད། དེ་ནི་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཧྲུའུ་ཅི་ཁྲུའུ་ཡིས་བོད་ཀྱི་གུང་གཞོན་སྡེ་ཚོགས་དང་གཞོན་ནུ་ལོ་ཆུང་གི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་གནང་བ་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།