བོད་ལྗོངས་སྐྱིད་གྲོང་གི་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

139880405_16183965294721n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན་གྱི་ཕྱི་དྲོར། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དྲུག་པ་སླེབས་ལ་ཉེ་བའི་སྐབས་སུ་བོད་ལྗོངས་སྐྱིད་གྲོང་གི་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་རྣམ་པ་བཟང་པོ་གཏོད་ཆེད། “རྒྱལ་ཁབ་ཀྱི་བདེ་འཇགས་ནི་སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས། བཅའ་སྡོད་བྱས་པའི་མཐའ་མཚམས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད།

139880405_16183965295141n.jpg

ཞིབ་བཤེར་ས་ཚིགས་ཀྱིས་དྲིལ་བསྒྲགས་སློབ་གསོའི་ཡན་ལག་རུ་ཁག་ཆུང་བ་བཙུགས་ནས་བཅའ་སྡོད་བྱ་ཡུལ་སྐྱིད་གྲོང་གྲོང་རྡལ་དུ་བསྐྱོད་དེ། མཐའ་མཚམས་མང་ཚོགས་ལ་ཁ་ཕྱོགས་ནས་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱིས་རྒྱལ་ཁབ་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་གཞི་རྩའི་འོས་འགན་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ལ། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དང་། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་སོགས་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།