བོད་ལྗོངས་ཀྱི་གཙོ་གནད་ཆུ་བེད་ལས་གཞི་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ།

7f8c9a14-2e06-4823-9330-2c373dc795fd.jpg

འདི་ནི་འཛུགས་སྐྲུན་བྱེད་བཞིན་པའི་ཤངས་ཆུའི་ཆུ་རགས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་སུ་སྐྲུན་བཞིན་པའི་ཆུ་བེད་ལྟེ་བའི་ལས་གཞི་སྟེ་ཤངས་ཆུའི་རགས་ཆེན་ཨར་སྐྲུན་བྱེད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གཞི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་རྣམ་གྲངས172ཀྱི་ཆུ་གྲོན་ཆུང་དང་མཁོ་འདོན་གྱི་ཆུ་བེད་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་བོད་ལྗོངས་སུ་སྐྲུན་བཞིན་པའི་ཆུ་བེད་ལས་གཞི་ཆེ་ཤོས་རེད། ལྟེ་བའི་ལས་གཞིའི་རགས་ཆེན་དེ་ཨར་འདམ་དང་སྣུམ་ནག་ཅན་གྱི་ཆུ་རགས་ཤིག་ཡིན་པ་དང་མཐོ་ཚད་སྨི51དང་། ཆུ་རགས་ཀྱི་ཞེང་ཚད་སྨི8། ཆུ་རགས་ཀྱི་རིང་ཚད་སྨི571། ཆུ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི11340ཟིན་ཡོད་པ་རེད། ལས་གཞི་དེ་ཞིང་ཆུ་འདྲེན་པ་དང་། ཆུ་མཁོ་འདོན། སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་གཙོ་བོར་བཀོལ་པ་དང་ཞོར་དུ་གློག་གཏོང་བའི་ཐད་སྤྱོད་པ་དང་། ཆུ་རགས་དེ་བསྐྲུན་རྗེས་མི་འབོར་ཁྲི3.3ལྷག་ཙམ་ལ་ཆུ་མཁོ་འདོན་ཐུབ་རྒྱུ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།