ས་དགའ་རྫོང་གི་རིག་གནས་དམངས་ཕན་བྱ་འགུལ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ8ལ་ཁྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་དགའ་རྫོང་གི་རོང་འབྲོག་ཁུལ་གྱི་བསམ་པའི་རིག་གནས་དང་རོང་འབྲོག་པའི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ས་དགའ་རྫོང་གིས་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཤང་དང་གྲོང་རྡལ་ཁག་ཏུ“དུས་རབས་གསར་པའི་བདེ་སྐྱིད་ལྡན་པའི་བོད་མི”ཞེས་པའི་རིག་རྩལ་གཞི་རིམ་དུ་སྐྱེལ་བའི་རིག་གནས་དམངས་ཕན་བྱ་འགུལ་སྤེལ་བ་རེད།

བྱ་འགུལ་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བའི་ཆོད་སེམས་སྔར་བས་སྲ་བརྟན་དུ་བཏང་ནས་ཁོང་ཚོར་ཏང་གི་བརྩེ་སེམས་ཚོར་དུ་བཅུག ཐེངས་འདིའི་རིག་རྩལ་གཞི་རིམ་དུ་སྐྱེལ་བའི་རིག་གནས་དམངས་ཕན་བྱ་འགུལ་གྱི་དུས་ཡུན་ཉིན8ཡིན་ལ། དེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ8ལ་ཁྱབ་པ་དང་ལྟད་མོ་བ་མི་ཐེངས3500ལྷག་ལ་སླེབས་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།