ས་སྐྱའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་གི་སྒོ་ཕྱེས་པ།

63d0f703918fa0ec57302cb4dd0601e63c6ddb2a.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ས་སྐྱའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་གི་སྒོ་དངོས་སུ་ཕྱེས་པ་རེད། འགྲེམས་སྟོན་ཁང་དེ2020ལོའི་ཟླ4པར་ལས་མགོ་ཚུགས་པ་དང་བསྡོམས་པས་མ་དངུལ་སྒོར་ཁྲི2000བཏང་ཞིང་། དེ་ནི་ས་སྐྱ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ས་སྐྱའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། ཕུལ་བྱུང་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། ས་སྐྱ་གནའ་གྲོང་གིA5རིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་པར་ནུས་པ་གལ་ཆེན་ཐོན་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ས་སྐྱ་གནའ་གྲོང་དེ་ས་སྐྱའི་རྒྱལ་རབས་ཀྱི་འབྱུང་གནས་ཡིན་པའི་ཆ་ནས་ནང་དོན་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དང་ཀྲུང་ཧྭའི་དཔལ་ཡོན་འཕེལ་རྒྱས་ཐད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་མྱོང་བས། དེ་ནི་ཀྲུང་ཧྭའི་དཔལ་ཡོན་དང་ཀྲུང་ཧྭའི་རིག་གནས་ཀྱི་བཀྲག་མདངས་འཚེར་བའི་ལེའུ་ཞིག་རེད། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་ཐད་དེར་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད་ལ། དེའི་ཀྲུང་ཧྭའི་བརྩེ་སེམས་དང་མི་རིགས་ཀྱི་བདེན་དོན་འདི་ཉིད་བོད་ལྗོངས་ཀྱི་མཛེས་ཉམས་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད། བོད་ལྗོངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བར་ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། རིག་གནས་རྒྱུན་འཛིན་ཐད་དེ་ནི་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གནའ་གྲོང་གི་གྲས་ཤིག་དང་བོད་མི་རིགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པས་མཚོ་བོད་མཐོ་སྒང་གི་དཔལ་ཡོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་ཕུལ་དུ་བྱུང་བའི་དཔེ་མཚོན་ཡིན་ལ། 《ས་སྐྱ་ལེགས་བཤད》ཀྱིས་བོད་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་བཟུང་ཡོད།

འགྲེམས་ཁང་ནང་འགྲེམས་སྟོན་གྱི་ནང་དོན་གཙོ་བོ་ཁག་ལྔ་ཡོད་པ་སྟེ། གནས་མཆོག་ས་སྐྱ་དང་། ཤེས་རིག་ས་སྐྱ། བརྟན་བརླིང་ས་སྐྱ། ཡིད་འཕྲོག་ས་སྐྱ། རྟག་བརྟན་ས་སྐྱ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།