དམངས་ཀྱི་འབོད་སྒྲ་ཉན་ནས་དོན་དངོས་བསྒྲུབས། དམངས་ཀྱི་དཀའ་ངལ་བསལ་ནས་དྲོ་སྐྱིད་སྦྱིན།

—— ལྷ་ས་གྲོང་ཁྱེར་གྱིས“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་ནས་ངོ་བཅར་དང་ལེན་བྱས་ཏེ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་འགག་རྩ་ནི་བྱ་སྤྱོད་དངོས་ལ་ཐུག་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱིས“ངས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་ལ་བརྩི་བ་དང་། བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། “འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་ནས་ངོ་བཅར་དང་ལེན་བྱས་ཏེ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ། “མང་ཚོགས་སྒོ་རྩར”ཡོང་བ་ནས“ལས་བྱེད་པ་གཤམ་སྐྱོད”བྱེད་པར་འགྱུར་པ། ངོ་ཐུག་གདོང་འཕྲད་བྱས་ནས་མང་ཚོགས་ཀྱི་འབོད་སྒྲ་ཉན་པ། མང་ཚོགས་ཀྱི་ལུགས་དང་མཐུན་པའི་རེ་འདོད་འཕྲལ་དུ་ཐག་གཅོད་བྱེད་པ་བཅས་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ནས། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་སྔར་བས་ཆེ་རུ་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་རྒྱུན་ཆད་མེད་པར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།

“ཁ་གསལ”ཡོང་བར་དམིགས་ནས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་གཏིང་ཟབ་བྱས་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་སྙེ་མོ་རྫོང་གཞུ་སྨད་ཤང་ཉི་ཞོལ་གྲོང་ཚོར་བསྐྱོད་ནས་ཉི་ཞོལ་གྲོང་ཚོའི“ཨུ་ལྷན་གཉིས”དང“1+3”ཆེད་བསྐོས་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་ཏེ་དངོས་སྒྲུབ་ལས་གཏོད་ཀྱི་ངར་ཤུགས་འཕེལ་བར་བྱས་པ་དང་འབྲེལ། ཁེ་ལས་སྒྲིག་འཛུགས་ཧུར་ཐག་བྱས་ནས་གཞུ་སྨད་ཤང་དང་འབྲེལ་མཐུད་བྱས་ཏེ་ཕྱོགས་ཡོངས་ནས“ཁེ་ལས་ཀྱིས་གྲོང་ཚོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི”ལས་དོན་སྒྲུབ་སྟངས་གསར་པ་ཞིག་བཏོད་ཡོད།

ཏང་གི་ལོ་རྒྱུས་དང་ཏང་གི་སྲིད་ཇུས་གཞི་རིམ་དུ་གང་འདྲ་བྱས་ནས་ཡག་པོ་བརྗོད་པ་དང་། གང་འདྲ་བྱས་ནས་རྒྱ་ཆེའི་འབྲོག་ཁུལ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་དེ་བས་གསོན་ཉམས་ལྡན་པའི་སྒོ་ནས་སྤེལ་རྒྱུའི་ཐད། ལྷ་ས་གྲོང་ཁྱེར་གྱིས་གཤམ་སྐྱོད་བྱེད་རིང་མཉམ་འདྲེས་ཐུབ་པ་བྱས་ཏེ། སྒྲོག་འགྲེལ་བྱེད་རིང་ཞབས་འདེགས་ཞུ་བ་དང་གཞི་རིམ་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དང་། སྡེ་ཁུལ་གྱི་གྲོང་མི་དང་ཞིང་འབྲོག་མང་ཚོགས་རྣམས་ལ་ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏམ་རྒྱུད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད། སྒྱུར་བཅོས་སྒོ་དབྱེའི་གཏམ་རྒྱུད་དང་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་གྱི་གཏམ་རྒྱུད་བཅས་ཡག་པོ་བརྗོད་པ་མ་ཟད། ལྷག་པར་དུ་དུས་རབས་གསར་པའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་འཕེལ་རྒྱས་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ཏེ་ཚང་མར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་སྣེ་ཁྲིད་བྱས་ཡོད།

“ལས་དོན་གཏིང་ཟབ་སྤེལ་རྒྱུར”དམིཌ་ནས་བརྟག་ཞིབ་དང་ངོ་བཅར་དང་ལེན་ཡག་པོ་བྱས་པ།

ལྷ་ས་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་འགོ་ཁྲིད་ལས་བྱེད་པ་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་རྫེམས་གྲོང་ཚོའི་དུད་ཚང་ལ་འཚམས་འདྲིར་སྐྱོད་སྐབས། གྲོང་མི་ཚོའི་བརྙན་འཕྲིན་ཉམས་བཟོ་དཀའ་བ་དང་། བརྙན་འཕྲིན་གྱི་བརྡ་རྟགས་གསལ་པོ་མེད་པ། འཕྲིན་ལམ་སྒྱུར་སྒམ་སྐྱོན་ཤོར་བ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བས། སྟབས་བདེའི་ལས་ཀ་ལམ་སེང་སྒྲུབ་ཅེས་པ་ལྟར་ལྷ་ས་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ལག་རྩལ་པ་སྒྲིག་འཛུགས་བྱས་ནས་རྫེམས་གྲོང་ཚོར་ཡོང་སྟེ་གྲོང་ཚོ་ཨུ་ལྷན་དུ་གཅིག་སྡུད་ཐོག་གྲོང་མིར་རིན་མི་དགོས་པར་བརྙན་འཕྲིན་དང་འཕྲིན་ལམ་སྒྱུར་སྒམ་ཉམས་བཟོ་བྱས་ཡོད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་བས་སེམས་སུ་ཟུག་ཆེད། ལྷ་ས་གྲོང་ཁྱེར་གྱིས་གཞི་རྟེན་གསར་གཏོད་བྱས་ནས《ལྷ་ས་གྲོང་ཁྱེར་གྱི“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་ནས་ངོ་བཅར་དང་ལེན་བྱས་ཏེ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོའི་ལག་བསྟར་ཇུས་གཞི》བཟོས་པ་དང་། རྫོང(ཆུས)ཁག་དང་ཚན་པ་ཁག་གིས་དུས་ཐོག་ཏུ་རང་ངོས་ཀྱི་དོན་དངོས་དང་འཚམ་པའི་ལག་བསྟར་ཇུས་གཞི་བཟོས་ཡོད།

“གནད་སྨིན”ལ་དམིགས་ནས་ཏང་ཡོན་གྱི་རོགས་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ།

སྙེ་མོ་རྫོང་ཕུ་གསུམ་གྲོང་ཚོས་འདི་ལོ་དཔྱིད་འདེབས་ཀྱི་སོན་བཟང་གྲ་སྒྲིག་ཡག་པོ་བྱུང་མེད་པ་དང་། གྲོང་མི་རང་ཉིད་ཀྱིས་ཉར་བའི་ས་བོན་གྱི་སྤུས་ཚད་ཡག་པོ་མེད་པས་ཐོན་འབབ་དེ་ཙམ་ཡོང་གི་མེད་པའི་གནས་ཚུལ་ཤེས་རྟོགས་ཐུབ་རྗེས། རྒྱལ་ཁབ་བསྡོམས་རྩིས་ཅུས་ལྷ་ས་བརྟག་དཔྱད་རུ་ཁག་གིས་འཕྲལ་མར་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་སྡེ་ཚན་དང་འབྲེལ་བ་བྱས་ཏེ་ཕུ་གསུམ་གྲོང་ཚོར་སྒོར་ཁྲི་6ལྷག་རི་བའི“སུའུ་ལ་ནས་ཨང་གཉིས་པའི”སོན་བཟང་ཏུན་12ཙམ་རག་ཐབས་བྱས་པས། ཕུ་གསུམ་གྲོང་ཚོའི་གྲོང་མིའི་དཔྱིད་འདེབས་ཀྱི་སོན་བཟང་མི་འདང་བའི་དཀའ་གནད་དུས་ཐོག་ཏུ་བསལ་ཡོད།

“ཏན་ཏིག”ལ་དམིགས་ནས་གྲུབ་འབྲས་ཟམ་མི་ཆད་པར་རྒྱ་སྐྱེད་དང་སྲ་བརྟན་དུ་བཏང་བ།

“ངས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ནས་སྐོར་གཟིགས་དག་ཐེར་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སོགས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། ལྷ་ས་གྲོང་ཁྱེར་གྱིས“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་ནས་ངོ་བཅར་དང་ལེན་བྱས་ཏེ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོའི་ཁྲོད་མང་ཚོགས་ཀྱི“འཕྲལ་མཁོ་ཆེ་ཤོས་དང་། དཀའ་ཚེགས་ཆེ་བ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ”བཅས་ཀྱི་གནད་དོན་སླར་ཡང་གསེད་བཀྲོལ་བྱས་པ་མ་ཟད། མཐུན་རྐྱེན་བསྐྲུན་ནས་ཐག་གཅོད་ཏན་ཏིག་བྱས་ཏེ“ངས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པའི”ལས་དོན་དངོས་སྒྲུབ་པ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད། དཔྱིད་རྨོད་རྨོད་གྲབས་བྱེད་རིང་ཁ་ཚ་དགོས་གཏུགས་ཀྱི་ཞིང་ཁ་དང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་དང་། ཞིང་སྨན་བརྒྱབ་པའི་སོན་བཟང་ཁྱབ་གདལ། ཞིང་སྨན་དང་རྫས་ལུད་ཉོ་སྒྲུབ་གྲབས་གསོག འཕྲུལ་ཆས་ཉམས་བཟོ་སོགས་ཀྱི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་ཡོད། མང་ཚོགས་ལ་ཉེན་ཡོད་ཁང་པ་རྙིང་པ་སྒྱུར་བཀོད་དང་། འགྲིམ་འགྲུལ་འགྲོ་སྐྱོད། བུ་ཕྲུག་སློབ་གྲྭ་འགྲིམ་པ། གད་སྙིགས་གཙང་སེལ། ལས་ཞུགས་འབབ་འཕར། སྨན་བཅོས་འགན་བཅོལ་སོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ཧུར་ཐག་བྱེད་རོགས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད།

མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དོན་དངོས་རེ་རེ་བཞིན་ཡག་པོ་བསྒྲུབས་ནས་ཁོང་ཚོའི་སེམས་ཁྲལ་བསལ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་3པར། རིམ་རྩིས་བརྒྱབ་ན་ལྷ་ས་གྲོང་ཁྱེར་གྱི་ཚན་ཁག་ཆེ་གྲས་བཞི་ཡི་འགོ་ཁྲིད་གཙོ་བོ་དང་རྫོང(ཆུས)ཁག་དང་ཚན་པ་ཁག་གི་འགན་འཁུར་བློ་མཐུན་ཚོས་གཞི་རིམ་དུ་ཐེངས་1300ལྷག་ཙམ་བསྐྱོད་ནས་བཞུགས་མོལ་དང་། འདྲི་ཤོག་བརྟག་དཔྱད། དུད་ཚང་དུ་འཚམས་འདྲིར་བསྐྱོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གནད་དོན་1200ལྷག་ཙམ་བསྡུ་རུབ་བྱས་པ་ལས། གནད་དོན་500ལྷག་ཙམ་ཐག་གཅོད་བྱས་པ་དང་། བྱ་བ་དངོས་400ལྷག་ཙམ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི“འཕྲལ་མཁོ་ཆེ་ཤོས་དང་། དཀའ་ངལ་ཆེ་བ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ”བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་ཏན་ཏིག་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།