ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཚོགས་འགན་བཅོལ་གྱི་སྒྲུབ་གཉེར་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁེ་ལས་དང་མང་ཚོགས་ཀྱིས་བྱ་བ་སྒྲུབ་རིང་བསམ་འཆར་ཆེ་བའི“གླེང་མང་བའི་གནད་དོན”དང་། “དཀའ་གནད”“གནད་འགག”བཅས་ལ་དམིགས་ནས། སྤྱི་ཚོགས་འགན་བཅོལ་གྱི་ཞབས་ཞུའི་དོན་གནད་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། “དྲ་སྦྲེལ+སྲིད་དོན་ཞབས་ཞུའི”བྱེད་སྟངས་ཧུར་ཐག་སྤྱོད་པ། དྲ་ཐོག་དང་དྲ་ཕྱིའི་སྤྱི་ཚོགས་འགན་བཅོལ་གྱི་སྒྲུབ་གཉེར་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བློ་ཡིད་ཚིམ་ཚད་བཅས་ཆེ་རུ་ཏན་ཏིག་བཏང་ཡོད།

“ལག་ཐོགས་ཁ་པར་ནས་གཉེར་བའི”ཞབས་ཞུའི་ཕན་ནུས་ཆེ་རུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྐར་ཁུང་ཚན་པས་ལས་སྒོ་གཉེར་བར་ཡོང་མཁན་ལ“ལྷོ་ཁའི་རིག་ནུས་མི་སྤྱིའི”ལག་ཐོགས་ཁ་པར་གྱི་APPཕབ་ལེན་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་ཏེ། འགན་བཅོལ་ནང་ཞུགས་མཁན་གྱིས་ལག་ཐོགས་ཁ་པར་གྱི་APPནས་སྤྱི་ཚོགས་འགན་བཅོལ་གྱི་ལས་སྒོ་སྒྲུབ་གཉེར་བྱེད་སྟངས་ཤེས་སུ་བཅུག་པས། འགན་བཅོལ་ནང་ཞུགས་མཁན་ཚན་པ་དང་མི་སྣའི་དྲ་ཕྱིའི་སྒྲུབ་གཉེར་དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད། སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་གྱི་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད། “ལྷོ་ཁའི་རིག་ནུས་མི་སྤྱི”དྲ་ཐོག་ཏུ་བཏོན་ཚུན། རིམ་རྩིས་བྱས་ན། ཕབ་ལེན་བྱེད་ཚད་མི་ཐེངས་43632ཟིན་པ་དང་རྒན་ཡོལ་ཞུས་པའི་མི་1500ལྷག་ཙམ་ལ་རྒན་གསོའི་དངུལ་ལེན་ཐོབ་ཐང་གི་དྲ་ཐོག་རང་འདེམས་ཀྱི་ཁས་ལེན་དཔང་འདོན་བྱེད་རོགས་བྱས་ཡོད།

“དྲ་ཐོག་ནས་ལས་སྒོ་གཉེར”ཏེ“མང་ཤོས་ལའང་ཐེངས་གཅིག་ལས་རྒྱུག་མི་དགོས་པའི”ལས་དོན་ལ་སྐུལ་འདེད་བཏང་ཞིང། འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཚོགས་འགན་བཅོལ་གྱི་ཕྱོགས་བསྡུས་ཉེར་སྤྱོད་ཞབས་ཞུའི་ལས་སྟེགས་ཀྱི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སྒྲུབ་གཉེར་བྱ་བ་དང་། སྒྲུབ་གཉེར་གྱི་བརྒྱུད་རིམ། སྒྲུབ་གཉེར་གྱི་འགྲོ་ལུགས་བཅས་གསེད་བཀྲོལ་ཧུར་ཐག་བྱེད་པའི་རྨང་གཞིའི་ཐོག “མི་སྤྱི་ཤར་གཏོང་དང་ཤར་གཏོང་མི་སྤྱི”སྤྱོད་མཁན་གྱི་མཐའ་སྣེ་གསར་སྤེལ་དང་། སྒྲུབ་གཉེར་བརྒྱུད་རིམ་དེ་བས་ལེགས་སུ་གཏོང་བ་བཅས་བྱས་ནས། འགན་བཅོལ་ནང་ཞུགས་མཁན་ཚན་པར“ངོ་ཐུག་མི་དགོས་པའི”ཞབས་ཞུ་མཁོ་འདོན་བྱས་ཡོད། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྒྲུབ་གཉེར་དོན་གནད་ཚང་མ་དྲ་ཐོག་ནས་རེ་ཞུ་སྒྲུབ་གཉེར་བྱེད་ཐུབ་ཀྱི་ཡོད།

“དྲ་ཕྱི་ནས་ལས་སྒོ་གཉེར”ཏེ་ཞབས་ཞུ་དེ་བས་ཞིབ་ཚགས་སུ་འགྲོ་བར་རམ་འདེགས་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱིས“ཁས་ལེན་དཔང་འདོན་ཉུང་གཏོང”དང“དམངས་ལ་སྟབས་བདེ་བསྐྲུན་པའི”བྱེད་ཐབས་སྤྱད་པ་བརྒྱུད། གཞི་འཛིན་ས་མེད་པའི་རེ་ཞུ་དང་ར་སྤྲོད་དཔྱད་གཞི་མེད་པ་བཟོ་བ་དང་། དགོས་པ་མེད་པའི་སྔོན་འགྲོའི་ཆ་རྐྱེན་སྟབས་བདེ་རུ་གཏོང་བ། ནང་དོན་འདྲ་བ་དང་བསྐྱར་དུ་ཞིབ་བཤེར་ཆོག་མཆན་འགོད་པའི་ལྷུ་ཚིགས་ཟླ་སྒྲིལ་གཏོང་བ། རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིའི་དམངས་ཕན་ཞབས་ཞུ་ལེགས་སུ་གཏོང་་བ། རྒན་རྒོན་གྱི“ཐོགས་མེད་བགྲོད་ལམ”དང་རྒན་རྒོན་གྱི་གཅེས་སེམས་ཆེད་དམིགས་སྡོད་གནས་བཀོད་སྒྲིག་བྱེད་པ་བཅས་བྱས་ནས། སྲིད་འཛིན་ནུས་ཕྱོད་དང་ཞབས་ཞུའི་ཆུ་ཚད་དེ་བས་མཐོ་རུ་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།