བོད་ལྗོངས་སུ་གཙོ་གནད་ལས་གཞི་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ།

e3dc2548-8271-47a2-a732-0c6b438f8d3a.jpg

འདི་ནི་བོད་ལྗོངས་དྭགས་པོ་ཆུ་ཤུགས་གློག་ཁང་གི་ཨར་སྐྲུན་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཇུག་མཐའི་ཆུ་རགས་ཀྱི་ཨར་འདམ་ལུགས་རྒྱག་ལས་རིམ་ལེགས་འགྲུབ་བྱུང་བ་དེས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུས་དགུ་པས་སྐྲུན་འགན་འཁུར་བ་དང་ཀྲུང་གོ་ཧྭ་ཏན་ཁོངས་གཏོགས་ཀྱི་རྒྱལ་ཁབ་གཙོ་གནད་ཆུ་གློག་ལས་གཞི་སྟེ། བོད་ལྗོངས་དྭགས་པོ་ཆུ་ཤུགས་གློག་ཁང་གི་ཆུ་རགས་གཙོ་བོའི་ལས་གཞི་ཧྲིལ་པོའི་ཨར་འདམ་ལུགས་རྒྱག་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་བ་མཚོན་ཡོད། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར120ལྷག་བཏང་བའི་བོད་ལྗོངས་དྭགས་པོ་ཆུ་ཤུགས་གློག་ཁང་ནི་འཛམ་གླིང་ཐོག་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་བཙིར་གནོན་རྣམ་པའི་ཨར་འདམ་གྱི་ལྗིད་ཤུགས་ཆུ་རགས་ཤིག་རེད། ལས་གཞིས་ཟླ4པའི་ཚེས15ཉིན་ཆུ་སྒོ་རྒྱག་རྒྱུ་དང་ཟླ5པའི་ཚེས23ཉིན་འཕྲུལ་ཆས་ཚན་པ་དང་པོ་ནས་གློག་གཏོང་ཐུབ་པར་འགན་ལེན་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་ཆེད་ལེགས་སྐྱེས་འབུལ་རྩིས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།