ཆབ་མདོ་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ་འཚོ་བ་ཇེ་ལེགས་སུ་བཏང་།

6af3f63f-d913-41c2-9ca1-9c76c2bc70f7.jpg

འདི་ནི་རོང་འབྲོག་མང་ཚོགས་འགྲོ་ལམ་ལས་གཞི་འཛུགས་སྐྲུན་ནང་ཞུགས་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཤང་གྲོང་འགྲོ་ལམ་དང་། སྤྱི་པའི་གསང་སྤྱོད། སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་བས་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་གི་རྣམ་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་། ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ཀྱིས་ཉེ་འགྲམ་གྱི་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་འགྱུར་ལྡོག་དངོས་ཚོར་ཡོད། དེ་དང་ཆབས་ཅིག་ཏུ་ཁ་རུབ་ཆུས་ཀྱིས་ས་གནས་དེ་གའི་རོང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ལས་གཞི་འཛུགས་སྐྲུན་ནང་ཞུགས་ནས་རོང་འབྲོག་མང་ཚོགས་ཀྱིས་ཐག་ཉེ་སར་ལས་ཀ་བྱས་ནས་ཡོང་འབབ་ཇེ་མང་དུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།