བོད་ལྗོངས་ཀྱིས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་དཀར་ཆག(2021ལོའི་པར་གཞི)ཁྱབ་བསྒྲགས་དང་ལག་བསྟར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་དཀར་ཆག(2021ལོའི་པར་གཞི)》(གཤམ་དུ《དཀར་ཆག》ཞེས་བསྡུ་རྒྱུ)བཟོས་ནས་ཁྱབ་བསྒྲགས་བྱས་པ་རེད། 《དཀར་ཆག》དེ2021ལོའི་ཟླ3ཚེས30ཉིན་བཀྲམ་པ་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་དུས་བབ་དང་བསྟུན་ནས་གསར་དུ་བརྗེ་བ་དང་བཟོ་བཅོས་རྒྱག་གི་ཡོད་པ་རེད། 《དཀར་ཆག》དེ་བཏོན་ནས་བོད་ལྗོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་པ་དང་བོད་ལྗོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་ལས་དོན་གྱི་ཉོ་ཚོང་བརྒྱུད་རིམ་ཚང་མ་གློག་རྡུལ་ཅན་དང་། ཞབས་ཞུ་ཚད་ལྡན་ཅན། ལྟ་སྐུལ་དོ་དམ་རིག་ནུས་ཅན་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པར་ཕན་ཐོགས་ཡོད་པ་རེད།

《དཀར་ཆག》ནང་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་རིགས་དང་། སྲིད་གཞུང་གིས་ཉོ་སྒྲུབ་རིགས། སྨན་རྫས་དང་སྨན་བཅོས་ཡོ་བྱད་རིགས། ཐོན་ཁུངས་རིགས། བདག་དབང་རིགས། མངོན་མེད་རྒྱུ་ནོར་རིགས། ཁོར་ཡུག་དབང་ཆའི་རིགས། འཕྲུལ་གློག་ཐོན་རྫས་རྒྱལ་སྤྱིའི་སུས་འཇོན་དེ་འགུགས་རིགས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས(PPP)རིགས་སོགས་རིགས་ཆེན་པོ་9དང་། ནང་གསེས་33 ཁག་100བཅས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་དཀར་ཆག་ཚུད་ཡོད་པ་རེད། “ནང་འདྲེན་བྱེད་དགོས་རིགས་ནང་འདྲེན་བྱེད་པའི”རྩ་དོན་གཞིར་བཟུང་། རང་ལྗོངས་སུ“རྒྱ་མཚོའི་ཐོན་ཁུངས་ཉོ་ཚོང”མེད་པ་ཕུད། 《རྒྱལ་ཡོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་དཀར་ཆག་མཛུབ་ཁྲིད》ནང་བཏོན་པའི་ཉོ་ཚོང་རྣམ་གྲངས་རིགས་གཞན་དག་8ཚང་མ་དེའི་ནང་འཇུག་རྒྱུ་ཡིན་པ་རེད། 《དཀར་ཆག》ནང་བཅུག་པའི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་རྣམ་གྲངས་ཚང་མ་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་མ་ལག་ནང་འཇུག་རྒྱུ་དང་རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་སུ་སླེབས་རྗེས་ཉོ་ཚོང་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།