སྤོས་ཀྱི་དྲི་ཞིམ་ཕྱོགས་བཞིར་ལྷང་ངེར་འཐུལ། ཐོན་ལས་འཕེལ་རྒྱས་བཏང་བས་ཕྱུག་པོར་གྱུར།

1.jpeg

སྤོས་བཟོ་བཞིན་པ།

2.jpeg

འདི་ནི་ཐོན་པ་ཚང་གཟིམ་སྤོས་ཀྱི་སྤུས་རྟགས་གཏོད་མཁན་ཟླ་བ་བཀྲ་ཤིས་དོན་གྲུབ་ཡིན་པ།

4.jpeg

འདི་ནི་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོས་སྤོས་བཟོ་བཞིན་པ།

3.jpeg

འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་གནས་པའི་བོད་ཀྱི་སྤོས་ཞིབ་སྤེལ་ལྟེ་གནས་ཡིན་པ།

8.jpeg

འདི་ནི་བོད་ལྗོངས་ཤང་ཡུས་སྤོས་ཚད་ཡོད་ཀུང་སིས་གསར་དུ་ཞིབ་སྤེལ་བྱས་པའི་སྤོས་ཡིན་པ།

6.jpeg

འདི་ནི་གྲིབ་སྐམ་བཏང་བའི་སྤོས་ཡིན་པ།

5.jpeg

འདི་ནི་ས་གནས་དེ་གའི་ཡིག་ཚཌ་དང་གཱ་བཟོས་པའི་མང་ཚོགས་དབུལ་པོས་སྤོས་ཆག་སྟོན་བཞིན་པ།

7.jpeg

འདི་ནི་སྤོས་བཟོའི་ལག་རྩལ་བས་གྲིབ་སྐམ་བཏང་བའི་སྤོས་བསྡུ་གསོག་རྒྱག་བཞིན་པ།

རྒྱལ་ལམ་318བརྒྱུད་ནས་ནུབ་ཏུ་བསྐྱོད་ན་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱང་འདབས་དང་། ལྷ་ས་ནས་བར་ཐག་སྤྱི་ལེ་120ཡས་མས་ཀྱི་ཐོན་མདའ་གྲོང་ཚོར་སླེབས་ཀྱི་ཡོད།

དབེན་པའི་གྲོང་ཚོ་དེ་ནས་བཟོས་པའི་སྤོས་ཀྱི་དྲི་མ་བཟང་བ་ནི་སྐྱེ་བོ་མང་པོས་སྔ་ས་ནས་ཤེས་ཀྱི་ཡོད། དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་སྤོས་ནི་བོད་རིགས་མི་དམངས་ཚོས་སྔར་ནས་རྒྱུན་འཛིན་བྱེད་པའི་རིག་གནས་ཀྱི་གཞི་རྟེན་ཞིག་ཏུ་གྱུར་ཡོད་ལ། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་པའི་ཁྱད་ལྡན་ཐོན་ལས་ཤིག་ཀྱང་རེད།

ཐོན་མདའ་གྲོང་ཚོ་ནི་བོད་ཡིག་གསར་གཏོད་མཛད་མཁན་སློབ་དཔོན་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་ཡིན་པ་མ་ཟད། དེར་ལོ་ངོ་སྟོང་ཕྲག་གི་སྤོས་བཟོ་བའི་ལོ་རྒྱུས་ལྡན་ཡོད།

གནའ་བོའི་ལག་རྩལ་རྒྱུན་འཛིན་བྱེད་པ་ཕུད། སྙེ་མོ་རྫོང་གིས་ལོ་མང་གོང་ནས་བོད་ལྗོངས་སྤོས་ཞིབ་སྤེལ་ལྟེ་གནས་བཙུགས་པ་རེད། ཞིབ་སྤེལ་ལྟེ་གནས་ཀྱི་འགན་འཁུར་བ་ཟླ་བ་བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པ་དང་བཅས་པ་ཀུང་སིར་ལྟ་སྐོར་ལ་ཁྲིད་དེ་ངོ་སྤྲོད་ཞིབ་ཕྲ་བྱས།

2014ལོར་ཁྱིམ་དུ་སྤོས་བཟོ་མཁན་ཕ་ལས་མེད་པ་དང་ཚོང་བརྟན་པོ་མེད་པ་དང་ཆབས་ཅིག གཅུང་པོ་དང་མཉམ་དུ་ལྷ་ས་ཕྱི་སྐད་སློབ་གྲྭར་རྒྱུགས་འཕྲོད་མོད། འོན་ཀྱང་ཟླ་བ་བཀྲ་ཤིས་དོན་གྲུབ་ཀྱིས་རང་འགུལ་ངང་སློབ་གྲྭར་འགྲོ་བའི་གོ་སྐབས་དོར་བ་རེད།

གྲོང་ཚོར་ལོག་རྗེས་ཟླ་བ་བཀྲ་ཤིས་དོན་གྲུབ་ཀྱིས་ཕ་ལ་སྤོས་བཟོ་སྟངས་སློབ་པའི་རེ་བ་བཏོན། དེའི་རིང་ཁོང་གིས་ལོ་4ཡི་དུས་ཡུན་སྤྱད་དེ་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་སྤོས་བཟོ་གྲྭར་སྤོས་བཟོའི་ལག་རྩལ་སྦྱངས།

“མི་གཅིག་གིས་སྤོས་བཟོ་སྐབས་ཐོན་འབོར་མང་པོ་ཡོང་གི་མི་འདུག་ལ་ལོའི་ཡོང་འབབ་ཀྱང་མང་པོ་མི་འདུག་པས། ངས་གྲོང་ཚོར་ལོག་སྟེ་དུད་ཚང་ཁ་ཤས་དང་མཉམ་དུ་སྤོས་བཟོས་ཏེ་གཅིག་སྡུད་འཚོང་བར་འགྲོ་ཡི་ཡོད། དེ་ལྟར་བྱས་ཚེ་མགྱོགས་པོ་འཚོང་ཐུབ་པས་ཧུར་སེམས་འཕེལ་གྱི་འདུག”ཅེས་ཟླ་བ་བཀྲ་ཤིས་དོན་གྲུབ་ཀྱིས་དྲན་གསོ་བྱེད་བཞིན་ལོ་7གོང་གི་མྱོང་ཚོར་གླེང་།

ལོ་21ལ་སླེབས་པའི་སྐབས་དེར་ཟླ་བ་བཀྲ་ཤིས་དོན་གྲུབ་ཀྱིས་ཡུལ་མི་སྤུན་ཟླ་ཚོའི་སྤོས་ཚང་མ་འཚོང་ཐུབ་ཆེད། ཁོང་གིས་རྒྱ་མ་50ལྷག་ཙམ་གྱི་སྤོས་ཁུར་ནས་བག་ལེབ་འགའ་ཤས་སམ་ཡང་ན་རྩམ་པ་རས་ཁུག་གང་ཁྱེར་ཏེ་གྲོང་ཚོའི་མདོ་ནས་རླངས་འཁོར་བཀག་སྟེ་རྟག་ཏུ་ལྷ་སར་འགྲོ་ཡི་ཡོད།

ལྷ་སར་སླེབས་མ་ཐག་ཁོང་གིས་རྐང་ཐང་མར་ཁྱད་ལྡན་ཐོན་རྫས་འཚོང་སར་ཕྱིན་ནས་ཐེམ་དུད་རེ་རེ་བཞིན་ལ་སྤོས་འོས་སྦྱོར་བྱེད་ཀྱི་ཡོད། སེམས་རྩ་འཁོལ་བའི་ཚོང་དུད་འཕྲད་སྐབས་སྤོས་སྒམ་ཆུང་ཁ་ཤས་འཚོང་རྒྱུར་ཉར་བ་མ་ཟད། ད་དུང་ཇ་ཚ་པོ་འཐུང་ཞོར་དུ་རྩམ་པ་ཁམ་གང་དོ་འགམས་ནས་དགུང་ཟས་ཀྱི་ཚབ་བྱེད་ཀྱི་ཡོད།

སྔོན་ཆད་ལ་ཕྱིར་དྲན་བྱེད་སྐབས་ཁོང་གིས“ངའི་ཁྱིམ་དུ་ས་ཞིང་མུའུ་2ལས་མེད་པས་ཕ་ཚ་བུ་རྒྱུད་ནས་རྒྱུན་བསྐྱངས་པའི་སྤོས་བཟོ་རྩལ་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། ང་ཚོའི་གྲོང་ཚོའི་དུད་ཚང་གཞན་ལ་ཡང་ལག་ཤེས་འདི་རང་ལས་མེད། ངས་རྟག་ཏུ་ཚང་མའི་ཕུཌ་འདུན་ཡིད་ལ་འཆང་བཞིན་ལྷ་སར་བསྐྱོད་དེ་སྤོས་ཀྱི་འཚོང་ལམ་རྒྱ་ཆེར་གཏོང་གང་ཐུབ་བྱེད་ཀྱི་ཡོད། སྤོས་མང་ཙམ་འཚོང་ཐུབ་ན་ང་ཚོའི་འཚོ་བ་གཞི་ནས་ལེགས་སུ་འགྲོ་ཐུབ”ཅེས་བཤད།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར། 2015ལོར་ལོ་གཅིག་རིང་རྐང་ཐང་མར་སྤོས་འཚོང་བར་ཕྱིན་པ་བརྒྱུད་ཟླ་བ་བཀྲ་ཤིས་དོན་གྲུབ་ལ་སྒོར་ཁྲི་3དང་ཁྲི་5སོགས་ཀྱི་མངགས་ཐོ་འཇོག་མཁན་ཚོང་ཤག་ཁག་གཅིག་བྱུང་ཞིང་། དེ་རྗེས་སྡོད་ཁང་ཁང་མིག་2དང་གཏན་འཇགས་ཀྱི་སྤོས་བཟོའི་ལག་རྩལ་བ་3ལས་མེད་པའི་བོད་ལྗོངས་ཤང་ཡུས་སྤོས་ཚད་ཡོད་ཀུང་སི་བཙུགས་པ་རེད།

ཀུང་སི་བཙུགས་མོད། འོན་ཀྱང་སྤུས་རྟགས་མེད་ཚེ་ཁྲོམ་རར་རང་ཉིད་ཀྱི་ཅ་ལག་ཡག་པོ་ཡིན་པ་ར་སྤྲོད་བྱེད་མི་ཐུབ། དེར་བརྟེན་ཟླ་བ་བཀྲ་ཤིས་དོན་གྲུབ་ཀྱིས“ཐོན་པ་ཚང”གི་སྤུས་རྟགས་རེ་ཞུ་བྱེད་འགོ་ཚུགས། 2019ལོར་སྙེ་མོ་རྫོང་ཨུད་དང་། རྫོང་སྲིད་གཞུང་། དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱི་རོགས་རམ་འོག་བོད་ལྗོངས་ཤང་ཡུས་སྤོས་ཚད་ཡོད་ཀུང་སིར་རང་ཉིད་ཀྱི་བཟོ་ཁང་བཙུགས་པ་དེའང་ད་ལྟའི་བོད་ཀྱི་སྤོས་ཞིབ་སྤེལ་ལྟེ་གནས་དེ་རེད།

བཟོ་གྲྭར་སྤོ་རྒྱུའི་རེ་ཞུ་བྱས་པའི་ཇུས་གཞིའི་ནང་ཟླ་བ་བཀྲ་ཤིས་དོན་གྲུབ་ཀྱིས་ལོ་ལྟར་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་10ཡི་སྣེ་ཁྲིད་དེ་ལོ་ལྟར་རྨང་གཞིའི་གླ་ཆ་སྒོར་ཁྲི་25སྤྲོད་པའི་ཁས་ལེན་བྱས་ཤིང་། ཁོང་གིས་ལོ་དང་པོར་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་15ཡི་སྣེ་ཁྲིད་པ་མ་ཟད་ད་དུང་སྒོར་ཁྲི་5བགོ་འགྲེམས་བྱས་པ་རེད།

ད་ཆ་སྤོས་བཟོའི་ལག་རྩལ་བ་ཐག་ཉེ་སར་ལས་ཞུགས་ཐུབ་ནས་འཚོང་ལམ་ཐད་སེམས་ཁྲལ་བྱེད་དགོས་མེད་པར་སྤོས་ཀྱི་ཐོན་རྫས་ལོ་ལྟར་ཁྲོམ་རར་ཧ་ཅང་བྲིན་ཁ་རྒྱུག་པོ་ཡོད། ལག་རྩལ་བར་གཞི་རྩའི་གླ་ཆ་ཡོད་པ་ཕུད། ད་དུང་བྱ་དགའ་དང་བགོ་འགྲེམས་ཡོད་པས་འཚོ་བ་ཡག་ཏུ་འགྲོ་ངེས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།