བོད་ལྗོངས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་ཏེ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས།

d8adfd45-0d06-430f-983e-535e448ad3a6.jpg

ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

9fc1110f-249f-4998-805c-b26c982b28f7.jpg

ནག་ཆུ་གྲོང་ཁྱེར་གྱི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རུ་མིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་ལ་ཕྱི་བདར་རྒྱག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་དང་བླ་ན་མེད་པའི་སྙིང་སྟོབས་ལ་རྗེས་དྲན་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བ། ཕུགས་བསམ་དད་སེམས་སྔར་བས་སྲ་བརྟན་དང་ཐོག་མའི་བསམ་འདུན་ལ་ཞུན་བརྡར་བཅས་བྱ་ཆེད། བསྟུད་མར་ཉིན་འགའི་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས“གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པའི་དྭངས་གསལ་དུས་ཆེན་རིང་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པ་བརྗོད་དོན་གཙོ་བོ་ཡིན་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། བང་སོའི་རྡོ་རིང་ལ་ཕྱི་བདར་རྒྱག་པ་དང་། སྔོན་གཤེགས་དཔའ་བོའི་བང་སོའི་རྗེས་དྲན་ཁང་ལ་ལྟ་སྐོར། འོས་འགན་ཁྲག་འབུལ་བ་སོགས་བྱས་པ་བརྒྱུད་མེ་ཟོན་བཀོད་འཐབ་པ་ཚང་མར་བསམ་བློའི་སྦྱོང་བརྡར་ཟབ་མོ་ཞིག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།